民法典|49个法律要点


总则编八大亮点
དམངས་དོན་ཁྲིམས་གཞུང་སྤྱིའི་དོན་ཚན་གྱི་བཀྲག་མདངས་འཚེར་ས་བརྒྱད།
1. 胎儿享有继承权涉及遗产继承、接受赠与等胎儿利益保护的,胎儿视为具有民事权利能力。但是胎儿娩出时为死体的,其民事权利能力自始不存在。(第十六条)
༡.མངལ་གནས་ཕྲུ་གུར་ཤུལ་འཛིན་དབང་ཆ་ཡོད་པ། ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་དང་འབུལ་སྦྱིན་དང་ལེན་བྱེད་པ་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་བ་ཡོད་རིགས།མངལ་ཕྲུག་ལ་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་བརྩི་རྒྱུ། འོན་ཀྱང་མངལ་གནས་ཕྲུ་གུ་བཙའ་དུས་ཤི་ལུས་ཡིན་ན་དེའི་དམངས་དོན་གྱི་ཁེ་དབང་སྤྱོད་ནུས་ནི་ཐོག་མ་ཉིད་ནས་མེད་པ་ཡིན། (དོན་ཚན་བཅུ་དྲུག་པ)
2. 八周岁孩子可以“打酱油”八周岁以上的未成年人为限制民事行为能力人,实施民事法律行为由其法定代理人代理或者经其法定代理人同意、追认,但是可以独立实施纯获利益的民事法律行为或者与其年龄、智力相适应的民事法律行为。(第十九条)
༢.མངལ་གནས་ཕྲུ་གུར་ཤུལ་འཛིན་དབང་ཆ་ཡོད་པ། ལོ་བརྒྱད་ཡན་གྱི་ལོ་ན་མ་སོན་པའི་སྐྱེ་བོ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་ཡིན་ཞིང་།་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ངོ་ཚབ་བྱ་རྒྱུའམ་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་མོས་མཐུན་བྱས་པ་དང་རྗེས་སུ་ཁས་ལེན་བྱས་རྗེས།.འོན་ཀྱང་ཁེ་ཕན་ཁེར་གཙང་ཐོབ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དམ་ཡང་ན་དེའི་ལོ་ཚོད་དང་ཤེས་རིག་དང་འཚམ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་ཆོག (དོན་ཚན་བཅུ་དགུ་པ།)
3.失能老人须监护不能完全辨认自己行为的成年人为限制民事行为能力人,实施民事法律行为由其法定代理人代理或者经其法定代理人同意、追认,但是可以独立实施纯获利益的民事法律行为或者与其智力、精神健康状况相适应的民事法律行为。(第二十二条)
༣.ནུས་ཤོར་རྒན་རྒོན་ངེས་པར་དུ་ལྟ་སྐྱོང་དགོས།རང་ཉིད་ཀྱི་བྱ་སྤྱོད་འཚམ་མིན་དཔྱོད་མི་ཐུབ་པའི་དར་མ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་ཡིན་ཞིང་།དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ངོ་ཚབ་བྱེད་པའམ་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་མོས་མཐུན་བྱས་པ་དང་རྗེས་སུ་ཁས་ལེན་བྱས་རྗེས།འོན་ཀྱང་ཁེ་ཕན་ཁེར་གཙང་ཐོབ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དམ་ཡང་ན་དེའི་ལོ་ཚོད་དང་ཤེས་རིག་དང་འཚམ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་ཆོག
4.基层群众性自治组织法人为特别法人居民委员会、村民委员会具有基层群众性自治组织法人资格,可以从事为履行职能所需要的民事活动。未设立村集体经济组织的,村民委员会可以依法代行村集体经济组织的职能。(第一百零一条)
༣.གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་ནི་དམིགས་བསལ་ཁྲིམས་མི་ཡིན། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་པས་འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་གྱི་བྱེད་སྒོ་སྤེལ་ཆོག།གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན།་གྲོང་ཚོའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ནུས་ཚབ་སྒྲུབ་བྱས་ཆོག།
5.个人信息和网络虚拟财产受保护自然人的个人信息受法律保护。任何组织和个人需要获取他人个人信息的,应当依法取得并确保信息安全,不得非法收集、使用、加工、传输他人个人信息,不得非法买卖、提供或者公开他人个人信息。(第一百一十一条)法律对数据、网络虚拟财产的保护有规定的,依照其规定。(第一百二十七条)
༥.མི་སྒེར་གྱི་ཆ་འཕྲིན་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་ལ་སྲུང་སྐྱོབ་ཐོབ། སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།རྩ་འཛུགས་དང་མི་སྒེར་གང་རུང་ཞིག་ལ་མི་གཞན་གྱི་མི་སྒེར་གྱི་ཆ་འཕྲིན་ཐོབ་དགོས་ཚེ། ཁྲིམས་ལྟར་ཆ་འཕྲིན་ཉེན་མེད་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་པ་ལས་མི་གཞན་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་བསྡུ་རུབ་དང་།་བེད་སྤྱོད།་ལས་སྣོན།་བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་།་མི་གཞན་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་ཉོ་ཚོང་དང་འདོན་སྤྲོད་དམ་ཡང་ན་ཡོངས་བསྒྲགས་བཅས་བྱས་མི་ཆོག །(དོན་ཚན་བརྒྱ་དང་བཅུ་གཅིག་པ།)བཅའ་ཁྲིམས་ནང་གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གཏན་འབེབས་བྱས་ཡོད་ན།གཏན་འབེབས་དེ་ལྟར་བྱ་རྒྱུ། (དོན་ཚན་བརྒྱ་དང་ཉེར་བདུན་པ།)
6.见义勇为非重大过失不承担民事责任因保护他人民事权益使自己受到损害的,由侵权人承担民事责任,受益人可以给予适当补偿。没有侵权人、侵权人逃逸或者无力承担民事责任,受害人请求补偿的,受益人应当给予适当补偿。(第一百八十三条)因自愿实施紧急救助行为造成受助人损害的,救助人不承担民事责任。(第一百八十四条)
༦.བདེན་པའི་རྒྱབ་རྟེན་བྱས་ནས་ལས་འཛོལ་ཚབས་ཆེན་མིན་ན་དམངས་དོན་འགན་འཁྲི་འཁུར་མི་དགོས་།སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་སྲུང་སྐྱོང་བྱས་པའི་དབང་གིས་རང་ཉིད་ལ་གནོད་འཚེ་ཕོག་ན།དབང་ཆར་གནོད་འཚེ་གཏོང་མཁན་གྱིས་དམངས་དོན་གྱི་འགན་འཁུར་རྒྱུ་དང་།ཕན་ཆ་ཐོབ་མཁན་གྱིས་སྐྱིན་ཚབ་འོས་འཚམ་སྤྲད་ཆོག།
དབང་གནོད་ང་མཁན་དང་དབང་གནོད་མཁན་བྲོས་བྱོལ་དུ་ཕྱིན་མེད་པའམ་ཡང་ན་དམངས་དོན་གྱི་འགན་འཁྲི་འཁུར་ནུས་མེད་པར་། གནོད་འཚེ་ཕོག་མཁན་གྱིས་སྐྱིན་ཚབ་སྤྲོད་རྒྱུའི་རེ་བ་ཞུས་ན་ཕན་ཆ་ཐོབ་མཁན་གྱིས་སྐྱིན་ཚབ་འོས་འཚམ་སྤྲོད་དགོས། (དོན་ཚན་བརྒྱ་དང་གྱ་གསུམ་པ།)རང་མོས་ཀྱིས་ཛ་དྲག་ཆེ་བའི་རོགས་སྐྱོབ་བྱ་སྤྱོད་སྤེལ་བའི་དབང་གིས་རོགས་སྐྱོར་ཐོབ་མཁན་ལ་གནོད་སྐྱོན་བཟོས་ན།་རོགས་སྐྱོར་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འཁུར་མི་དགོས། (དོན་ཚན་བརྒྱ་དང་གྱ་བཞི་པ།)
7.诉讼时效延长至三年向人民法院请求保护民事权利的诉讼时效期间为三年。法律另有规定的,依照其规定。(第一百八十八条)
༧.གཏུག་བཤེརདུས་ཆོག་ཀྱི་ཡུན་ཚད་ལོ་གསུམ་བར་བསྒྱངས་བ་།མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུའི་རེ་འདུན་ཞུ་བའི་གཏུག་བཤེར་དུས་ཡུན་ལོ་གསུམ་ཡིན། བཅའ་ཁྲིམས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་ན་གཏན་འབེབས་དེ་ལྟར་བྱ་རྒྱུ།(དོན་ཚན་བརྒྱ་དང་གྱ་བརྒྱད་པ།)
8.未成年人遭性侵,成年后还能起诉未成年人遭受性侵害的损害赔偿请求权的诉讼时效期间,自受害人年满十八周岁之日起计算。(第一百九十一条)
༨.ལོ་མ་ལོན་པའི་བྱིས་པར་འདོད་སྲེད་སློང་པའི་གནོད་འཚེ་ཕོག་ན་ནར་ལོན་རྗེས་ད་དུང་ཞུ་གཏུག་བྱེད་ཆོག་པ། ལོ་ན་མ་སོན་པའི་སྐྱེ་བོར་ཆགས་རྩེད་བཙན་གནོད་ཕོག་པའི་གནོད་སྐྱོན་གྱི་སྐྱིན་ཚབ་འཇལ་རེ་ཞུ་དབང་སྐོར་གྱི་གཏུག་བཤེར་དུས་ཆོག་ཀྱི་ཡུན་ཚད་ནི་གནོད་འཚེ་ཕོག་མཁན་རང་ལོ་བཅོ་བརྒྱད་ལོན་པའི་ཉིན་ནས་བརྩི་རྒྱུ། (དོན་ཚན་བརྒྱ་དང་གོ་གཅིག་པ།)
物权编七大亮点
རྫས་དབང་སྐོར་གྱི་བཀྲག་མདངས་འཚེར་ས་བདུན།
1. 新设添附制度添附是指不同所有人的物结合在一起从而形成不可分离的物或者具有新物性质的物。《民法典》规定了加工、附合、混合三种添附形式,如物件加工、材料生产、房屋增建、房屋装修等。(第三百二十二条)
༡.མཉམ་སྒྲིལ་ལམ་ལུགས་གསར་སྣོན་བྱས་པ། ཟུར་སྣོན་ཞེས་པ་ནི་བདག་པོ་མི་འདྲ་བའི་དངོས་པོ་མཉམ་དུ་སྦྲེལ་ནས་ཁ་འབྲལ་ཐབས་མེད་པའི་དངོས་པོའམ་དངོས་པོ་གསར་པའི་ངོ་བོ་ལྡན་པའི་དངོས་པོར་ཟེར།<
<དམངས་དོན་ཁྲིམས་གཞུ།>>ནང་ལས་སྣོན་དང་།ཞོར་འབྲེལ།་མཉམ་བསྲེས་བཅས་ཟུར་སྣོན་རྣམ་པ་རིགས་གསུམ་གཏན་འབེབས་བྱས་ཡོད་པ་དཔེར་ན།དངོས་པོ་ལས་སྣོན་དང་།རྒྱུ་ཆ་ཐོན་སྐྱེད།ཁང་པ་རྒྱག་པ།ཁང་པ་མཛེས་བཟོ་སོགས་ཡིན།(དོན་ཚན་སུམ་བརྒྱ་ཉེར་གཉིས་པ།)དམངས་དོན་ཁྲིམས་གཞུ།>2.三权分置——土地经营权来了以适应“三权分置”后土地经营权入市的需要,《民法典》物权编增加土地经营权的规定,并删除耕地使用权不得抵押的规定。(第三百九十九条、第三百六十一条、第三百六十三条)
༢.དབང་གསུམ་ཁག་བགོས་ལས་ས་ཞིང་གཉེར་སྐྱོང་དབང་ཆ་བསྐྱར་དུ་མངོན་པ།"་དབང་གསུམ་དབྱེ་གཅོད་"་བྱས་རྗེས་ས་ཞིང་གཉེར་སྐྱོང་དབང་ཆ་ཚོང་རར་ཞུགས་པའི་དགོས་མཁོ་དང་འཚམ་པར་བྱས།《དམངས་དོན་ཁྲིམས་གཞུང་》རྫས་དབང་གིས་རྩོམ་སྒྲིག་བྱས་ནས་ས་ཞིང་བདག་གཉེར་གྱི་དབང་ཆའི་གཏན་འཁེལ་ཁ་སྣོན་བྱེད་པ་མ་ཟད།རྨོ་ཞིང་བཀོལ་སྤྱོད་ཀྱི་དབང་ཆ་གཏའ་མར་བཞག་མི་ཆོག་པའི་གཏན་འབེབས་བསུབ་དགོས། (དོན་ཚན་སུམ་བརྒྱ་གོ་དགུ་པ་དང་དོན་ཚན་སུམ་བརྒྱ་རེ་གཅིག་པ།དོན་ཚན་སུམ་བརྒྱ་རེ་གསུམ་པ།)
3.完善建筑物区分所有权制度适当降低业主共同决定事项,特别是使用建筑物及其附属设施维修资金的表决门槛,增加规定紧急情况下使用维修资金的特别程序。(第278条、第281条)
༣.འཛུགས་སྐྲུན་དངོས་པོའི་དབྱེ་འབྱེད་ཀྱི་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཁེ་ལས་བདག་པོས་ཐུན་མོང་ཐོག་ཐག་གཅོད་བྱས་པའི་དོན་དག་སྤྱི་དང་ལྷག་པར་དུ་བཟོ་བཀོད་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཉམས་གསོའི་མ་དངུལ་བེད་སྤྱོད་བྱེད་པའི་བརྡས་ཐག་གཅོད་པའི་སྒོ་ཐེམ་དམའ་རུ་འོས་འཚམ་གཏོང་བ།ཛ་དྲག་ཆེ་བའི་གནས་ཚུལ་འོག་ཉམས་གསོའི་མ་དངུལ་བེད་སྤྱོད་བྱེད་པའི་དམིགས་བསལ་གྱི་གོ་རིམ་ཁ་སྣོན་བྱ་དགོས།(དོན་ཚན༢༧༨དང་དོན་ཚན་༢༨༡པ།)
4.细化住宅建设用地使用权的自动续期规则《民法典》规定了住宅建设用地使用权届满自动续期,有利于保护房屋产权人的合法权益。《物权法》规定使用期限最长七十年,如继续使用需再签订合同,缴纳费用。是否缴纳费用、缴纳多少费用等等问题,《民法典》授权单行法律和行政法规以后规定。(第三百五十九条)
༤.སྡོད་ཁང་འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང་རང་འགུལ་གྱིས་དུས་འགྱངས་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲ་བཟོ་དགོས།
<དམངས་དོན་ཁྲིམས་གཞུང།>>ནང་སྡོད་ཁང་འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང་རང་འགུལ་ངང་དུས་འགྱངས་བྱ་རྒྱུ་གཏན་འབེབས་བྱས་ཡོད་པས་ཁང་པའི་བདག་དབང་སྲུང་སྐྱོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད།<<རྫས་དབང་བཅའ་ཁྲིམས།>>་ནང་བེད་སྤྱོད་བྱེད་ཡུན་རིང་ཤོས་ལོ་བདུན་ཅུ་ཡིན་པ་གཏན་འབེབས་བྱས་ཡོད་པ་དང་དཔེར་ན་མུ་མཐུད་བེད་སྤྱོད་བྱེད་པར་གན་རྒྱ་བསྐྱར་དུ་བཞག་ནས་འགྲོ་གྲོན་འཇལ་དགོས།<<དམངས་དོན་ཁྲིམས་གཞུང་>>གིས་ཁེར་སྤྱོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་དབང་བསྐུར་རྗེས་གཏན་འབེབས་བྱ། (དོན་ཚན་སུམ་བརྒྱ་ང་དགུ་པ།)དམངས་དོན་ཁྲིམས་གཞུང་>རྫས་དབང་བཅའ་ཁྲིམས།>དམངས་དོན་ཁྲིམས་གཞུང།>5.居住权入法实现物尽其用为加快建立多主体供给、多渠道保障住房制度的要求,增加规定“居住权”这一新型用益物权,明确居住权原则上无偿设立,居住权人有权按照合同约定或者遗嘱,经登记占有、使用他人的住宅,以满足其稳定的生活居住需要。(第二编第十四章)
༥.གནས་སྡོད་དབང་ཆ་ཁྲིམས་སུ་བཀོད་དེ་དངོས་པོའི་དགེ་བེད་ཡོངས་སུ་སྤྱད་པ། གྲུབ་ཆ་གཙོ་བོ་མང་པོ་མཁོ་སྤྲོད་དང་ཐབས་ལམ་མང་པོ་བརྒྱུད་ནས་སྡོད་ཁང་འགན་སྲུང་བྱེད་པའི་ལམ་ལུགས་འཛུགས་པའི་བླང་བྱ་ཇེ་མགྱོགས་སུ་གཏོང་བ་དང་།་"་སྡོད་གནས་ཀྱི་དབང་ཆ་"་ཞེས་པའི་སྤྱོད་ཁེ་ཐོབ་བྱེད་རྒྱུ་དངོས་བདག་དབང་གསར་པ་འདི་ཁ་སྣོན་གཏན་འབེབས་བྱེད་པ།སྡོད་དབང་ཁ་གསལ་བཟོ་བ།ཞེས་པ་ནི་རྩ་དོན་ཐོག་རིན་མེད་དུ་བཙུགས་པར་ཟེར།སྡོད་དབང་ཡོད་མཁན་ལ་གན་རྒྱར་ཁ་ཆད་བྱས་པའམ་ཁ་ཆེམས་ལྟར་ཐོ་འགོད་བྱས་ནས་མི་གཞན་གྱི་སྡོད་ཁང་བདག་བཟུང་དང་བེད་སྤྱོད་བྱེད་པའི་དབང་ཆ་ཡོད།
6.走向动产质押和权利质押登记制度的统一删除了《物权法》中动产质押和权利质押具体登记机构的内容,为今后建立统一的动产质押和权利质押登记制度留下空间。(第四百零二条、第四百二十七条)
༦.གཡོ་ནོར་རྫས་གཏའ་མར་འཇོག་པ་དང་ཁེ་དབང་གཏའ་མར་འཇོག་པའི་ཐོ་འགོད་ལམ་ལུགས་གཅིག་གྱུར་ཡོང་བར་བྱ་དགོས།<
<རྫས་དབང་བཅའ་ཁྲིམས།>>ནང་གཡོ་ནོར་རྫས་གཏའ་མར་འཇོག་པ་དང་ཁེ་དབང་གཏའ་མར་འཇོག་པའི་ཐོ་འགོད་ལས་ཁུངས་བྱེ་བྲག་པའི་ནང་དོན་བསུབས་པ།རྫས་དབང་བཅའ་ཁྲིམས།>ཕྱིན་ཆད་གཅིག་གྱུར་གྱི་གཡོ་ནོར་རྫས་གཏའ་མར་འཇོག་པ་དང་ཁེ་དབང་གཏའ་མར་འཇོག་པའི་ཐོ་འགོད་ལམ་ལུགས་འཛུགས་པར་བར་སྟོང་འཇོག་དགོས། (དོན་ཚན་བཞི་བརྒྱ་དང་གཉིས་པ་དང་བཞི་བརྒྱ་ཉེར་བདུན་པ།)
7.扩大担保合同的范围为优化营商环境提供法治保障,《民法典》在现行物权法规定的基础上,进一步完善了担保物权制度,明确融资租赁、保理、所有权保留等非典型担保合同的担保功能,增加规定担保合同包括抵押合同、质押合同和其他具有担保功能的合同(第三百八十八条第一款)
༧.ཁག་ཐེག་གན་རྒྱའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས་།ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་ཆེད།《དམངས་དོན་ཁྲིམས་གཞུང་》གྱིས་ད་ལྟ་སྤྱོད་བཞིན་པའི་དངོས་པོའི་བདག་དབང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྨང་གཞིའི་སྟེང་།སྔར་ལས་ལྷག་པར་ཁག་ཐེག་དངོས་པོའི་བདག་དབང་ལམ་ལུགས་འཐུས་ཚང་དུ་བཏང་།མ་དངུལ་འདུ་འཁོར་གྱིས་བོགས་མར་གཏོང་ལེན་དང་།འགན་ལེན།བདག་དབང་སོར་འཇོག་སོགས་དཔེ་མཚོན་མིན་པའི་ཁག་ཐེག་གན་རྒྱའི་ཁག་ཐེག་བྱེད་ནུས་ཁ་གསལ་བཟོ་བ་དང་།གཏའ་འཇོག་གན་རྒྱ་དང་།གཏའ་མའི་གན་རྒྱ།ཁག་ཐེག་བྱེད་ནུས་ལྡན་པའི་གན་རྒྱ་གཞན་དག་བཅས་ཚུད་ཡོད།(དོན་ཚན་སུམ་བརྒྱ་གྱ་བརྒྱད་པའི་ནང་གསེས་དོན་ཚན་དང་པོ།)
合同编六大亮点
གན་རྒྱའི་སྐོར་གྱི་བཀྲག་མདངས་འཚེར་ས་དྲུག
1. 电子合同开启无纸化时代为了适应电子商务快速发展以及百姓网购需求的增多,民法典规定,数据电文也具有法律效力,这意味着纸质合同将逐步退出互联网时代。(第五百一十二条)
༡.གློག་རྡུལ་གན་རྒྱ་ཉིད་ཤོག་ཉོབ་མེད་པའི་དུས་རབས་སུ་འཕོས་པ།གློག་རྡུལ་ཚོང་དོན་འཕེལ་རྒྱས་མྱུར་པོ་དང་དེ་བཞིན་མི་སེར་གྱི་དྲ་ཐོག་ཉོ་སྒྲུབ་ཀྱི་དགོས་མཁོ་མང་དུ་འགྲོ་བ་དང་འཚམ་པ་བྱ་ཆེད།དམངས་དོན་ཁྲིམས་གཞུང་ནང་གྲངས་གཞིའི་གློག་ཡིག་ལའང་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ཡོད་ཅེས་གཏན་འབེབས་བྱས་པ་དེ་ཐོག་ནས་ཤོག་རིགས་ཀྱི་གན་རྒྱ་རིམ་བཞིན་དྲ་སྦྲེལ་དུས་རབས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་མཚོན་ཡོད། (དོན་ཚན་ལྔ་བརྒྱ་བཅུ་གཉིས།)
2.有理有据,向霸座者说不针对近年来客运合同领域出现的旅客霸座、不配合承运人采取安全措施等严重干扰运输秩序和危害运输安全的问题,民法典细化可客运合同当事人的权利义务。(第八百一十五条第一款、第八百一十九条、第八百二十条)
༢.རྒྱུ་མཚན་ཚུགས་ཐུབ་ཡོད་ན་སྡོད་ས་བཙན་བཟུང་བྱེད་མཁན་འགྲུལ་པར་རྒོལ་ལན་སློག་དབང་ཡོད། ཉེ་བའི་ལོ་ཤས་རིང་འགྲུལ་པ་སྐྱེལ་འདྲེན་གྱི་གན་རྒྱའི་ཁྱབ་ཁོངས་སུ་འགྲུལ་པ་སྡོད་ས་བཙན་བཟུང་བྱེད་པ་དང་སྐྱེལ་འདྲེན་བྱེད་མཁན་ལ་གཞོགས་འདེགས་བྱས་ནས་བདེ་འཇགས་ཀྱི་བྱེད་ཐབས་སྤྱོད་པ་སོགས་སྐྱེལ་འདྲེན་སྒྲིག་ལམ་དང་སྐྱེལ་འདྲེན་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་གནད་དོན་ལ་དམིགས་ཏེ་དམངས་དོན་ཁྲིམས་གཞུང་ནང་འགྲུལ་པ་སྐྱེལ་འདྲེན་བྱེད་ཆོག་པའི་གན་རྒྱའི་དོ་བདག་གི་དབང་ཆ་དང་འོས་འགན་ཞིབ་ཕྲ་བཟོས་ཡོད་པ་རེད།(་དོན་ཚན་བརྒྱད་བརྒྱ་བཅོ་ལྔའི་ནང་གསེས་དོན་ཚན་དང་པོ་དང་།བརྒྱད་བརྒྱ་བཅུ་དགུ་པ།བརྒྱད་བརྒྱ་ཉི་ཤུ་པ་བཅས།)
3.对商家的霸王条款”说“不”“禁止自带酒水”“特价、促销商品概不退换”民法典完善了格式条款制度。(第四百九十一条、第四百九十五条至第四百九十八条)
༣.ཚོང་པའི་བཙན་ཚུགས་དོན་ཚན་ཁས་ལེན་མི་བྱེད་པ། རང་གིས་ཆང་ཁྱེར་མི་ཆོག་"་ཅེས་པ་དང་།་"་ཆེད་བཅག་རིན་གོང་དང་།ཚོང་ཟོག་བྲིན་འཚོང་བྱེད་རིགས་ཕྱིར་སློག་མི་བྱེད་པ་"་ཞེས་པའི་དམངས་དོན་ཁྲིམས་གཞུང་གིས་རྣམ་གཞག་དོན་ཚན་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། (དོན་ཚན་བཞི་བརྒྱ་གོ་གཅིག་པ་དང། དོན་ཚན་བཞི་བརྒྱ་དགུ་བཅུ་གོ་ལྔ་པ་དང། བཞི་བརྒྱ་དགུ་བཅུ་གོ་བརྒྱད་པ།)
4.物业纠纷不用怕,物业服务合同来维权针对物业服务领域的突出问题,民法典增加规定物业服务合同,为老百姓解决物业纠纷提供法律依据。(第三编第二十四章)
༤. སྡེ་ལས་རྩོད་གཞིར་སྐྲག་མི་དགོས། སྡེ་ལས་ཞབས་ཞུའི་གན་རྒྱ་ལ་བརྟེན་ནས་ཁེ་དབང་སྲུང་ནའང་འཐུས། སྡེ་ལས་ཞབས་ཞུའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དམངས་དོན་ཁྲིམས་གཞུང་ནང་སྡེ་ལས་ཞབས་ཞུའི་གན་རྒྱ་ཁ་སྣོན་བརྒྱབ་སྟེ་མི་སེར་གྱིས་སྡེ་ལས་རྩོད་གཞི་ཐག་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། (དོན་ཚན་གསུམ་པའི་ལེའུ་ཉེར་བཞི་པ།)
5.“借一万、还十万”,网贷被套路不用怕针对近年来各界反映强烈的高利贷问题,草案明确规定禁止高利放贷,借款的利率不得违反国家的有关规定。(第六百八十条第一款)
༥.“དངུལ་གཡར་ཁྲི་གཅིག་ལ་བུ་ལོན་ཁྲི་བཅུ་ལྟ་བུའི་དྲ་ཐོག་གཡོ་བུན་ལ་སྐྲག་མི་དགོས། ཉེ་བའི་ལོ་ཤས་རིང་ལས་རིགས་ཁག་གིས་བསམ་འཆར་ཆེན་པོ་བཏོན་པའི་སྐྱེད་ཆེའི་བུ་ལོན་གྱི་གནད་དོན་ལ་དམིགས་ནས་མ་ཟིན་ནང་སྐྱེད་ཆེའི་བུ་ལོན་གཏོང་རིགས་གཏན་འགོག་བྱ་རྒྱུ་དང་།དངུལ་བུན་ལེན་པའི་སྐྱེད་ཀའི་ཚད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་ཡོད། (དོན་ཚན་དྲུག་བརྒྱ་བརྒྱད་ཅུ་པའི་ནང་གསེས་དོན་ཚན་དང་པོ།)
6.房子被拍卖,承租者家在何方为落实党中央提出的建立租购同权住房制度的要求,保护承租人的利益,民法典增加规定房屋承租人的优先承租权。(第七百三十四条第二款)此外,为适应我国保理行业发展和优化营商环境的需要,民法典增加了保理合同(第三编第十六章);为进一步强化对债权人的保护,民法典细化了债权转让、债务转移制度、增加了债务清偿抵充规则、完善了合同解除等合同终止制度(第三编第五章);在总结现行合同法实践经验的基础上,民法典通过完善检验期限的规定和所有权保留规则等完善了买卖合同(第六百二十二条、第六百二十三条、第六百四十一条至第六百四十三条);为适应现实需要,民法典吸收了担保法中关于保证和定金规则的规定,增加了保证合同,完善违约责任制度(第三编第十三章、第五百八十六条至第五百八十八条)。
༦. ཁང་པ་ཧབ་འཚོང་བྱས་རྗེས་ཁང་བོགས་ལེན་མཁན་གྱི་སྡོད་གནས་གང་དུ་ཡོད་དམ།ཏང་ཀྲུང་དབྱང་གིས་བཏོན་པའི་ཁང་གླར་ལེན་པ་དང་དབང་ཆ་གཅིག་མཚུངས་ཀྱི་སྡོད་ཁང་ཉོ་བའི་ལམ་ལུགས་འཛུགས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ།ཁང་གླར་ལེན་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱ་དགོས།དམངས་དོན་ཁྲིམས་གཞུང་ནང་ཁང་གླར་ལེན་མཁན་ལ་སྔོན་ལ་བོགས་མར་གཏོང་དབང་ཡོད་པའི་གཏན་འབེབས་ཁ་སྣོན་བྱས་ཡོད། (དོན་ཚན་བདུན་བརྒྱ་སོ་བཞི་པའི་ནང་གསེས་དོན་ཚན་གཉིས་པ)གཞན་ཡང་། རང་རྒྱལ་གྱི་གཉེར་སྐྱོང་འགན་ལེན་ལས་རིགས་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དགོས་མཁོ་དང་འཚམ་ཆེད།དམངས་དོན་ཁྲིམས་གཞུང་ནང་གཉེར་སྐྱོང་འགན་ལེན་གན་རྒྱ་ཁ་སྣོན་བྱས་ཡོད།(ལེ་ཚན་གསུམ་པའི་ལེའུ་བཅུ་དྲུག་པ)བུན་བདག་ལ་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད།དམངས་དོན་ཁྲིམས་གཞུང་ནང་བུན་དབང་ནང་བཤུག་དང་བུ་ལོན་གཞན་སྒྱུར་གྱི་ལམ་ལུགས་ཞིབ་ཕྲ་བཟོས་པ་དང་།བུ་ལོན་གཙང་འཇལ་ཚབ་ལེན་གྱི་སྒྲིག་སྲོལ་མང་དུ་བཏང་བ།གན་རྒྱ་མེད་པ་བཟོ་བ་སོགས་ཀྱི་གན་རྒྱ་མཚམས་འཇོག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ།(ལེ་ཚན་གསུམ་པའི་ལེའུ་ལྔ་པ)ད་ལྟ་ལག་བསྟར་བྱེད་བཞིན་པའི་གན་རྒྱའི་བཅའ་ཁྲིམས་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོགདམངས་དོན་ཁྲིམས་གཞུང་གིས་ཞིབ་བཤེར་དུས་ཚད་ཀྱི་གཏན་འབེབས་དང་བདག་དབང་སོར་འཇོག་སྒྲིག་སྲོལ་སོགས་འཐུས་ཚང་དུ་བཏང་བ་བརྒྱུད་ཉོ་ཚོང་གན་རྒྱ་འཐུས་ཚང་དུ་བཏང་ཡོད།(དོན་ཚན་དྲུག་བརྒྱ་ཉེར་གཉིས་དང་།དོན་ཚན་དྲུག་བརྒྱ་ཉེར་གསུམ་པ།དོན་ཚན་དྲུག་བརྒྱ་ཞེ་གཅིག་ནས་དོན་ཚན་དྲུག་བརྒྱ་ཞེ་གསུམ་པའི་བར།)
人格权编七大亮点
མི་གཞིའི་དབང་ཆའི་སྐོར་གྱི་བཀྲག་མདངས་འཚེར་ས་བདུན།
人格权独立成编即是《民法典》的核心亮点,以凸显对人格权的保障
མི་གཞིའི་དབང་ཆའི་དེ་རང་ཚུགས་ངང་སྒྲིག་ཁོངས་སུ་གྲུབ་པ་དེ་ནི《དམངས་དོན་ཁྲིམས་གཞུང།》གྱི་བཀྲག་མདངས་འཚེར་ས་གཙོ་བོ་ཡིན་ཞིང་།དེས་མི་གཤིས་དབང་ཆར་འགན་སྲུང་བྱེད་པ་མངོན་གསལ་དོད་པོར་མཚོན་ཡོད།
1. 确立器官捐献的基本规则针对当下组织或个人强迫、欺骗、利诱人体器官捐献现象,此次《民法典》规定完全民事行为能力人同意捐献器官的,应当采用书面形式或者遗嘱形式。自然人生前未表示不同意捐献的,该自然人死亡后,其配偶、成年子女、父母可以共同决定捐献,决定捐献应当采用书面形式。(第一千零六条)
༡.དོན་སྣོད་དབང་པོ་སྦྱིན་གཏོང་གི་གཞི་རྩའི་ལམ་སྲོལ་གཏན་འཁེལ་བྱས་པ། དེང་གི་རྩ་འཛུགས་སམ་མི་སྒེར་ལ་བཙན་སྐུལ་དང་མགོ་སྐོར་གཏོང་བ།མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བ་བཅས་ཀྱི་སྣང་ཚུལ་ལ་དམིགས་ནས།ད་ཐེངས་ཀྱི《དམངས་དོན་ཁྲིམས་གཞུང།》ནང་གཏན་འབེབས་བྱས་དོན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་གྱིས་དབང་པོ་ཞལ་འདེབས་འབུལ་བར་མོས་མཐུན་ཡོད་ཚེ་ཡིག་ཐོག་གམ་ཁ་ཆེམས་འཇོག་སྟངས་སྤྱོད་དགོས།རང་བྱུང་མི་འཚོ་བཞུགས་སྐབས་ཞལ་འདེབས་འབུལ་རྒྱུའི་མོས་མཐུན་མེད་པ་ཡིན་ན།རང་བྱུང་མི་དེ་ཚེ་ལས་འདས་རྗེས་དེའི་བཟའ་ཟླ་དང་།ལོ་ན་སོན་པའི་བུ་ཕྲུགཕ་མ་བཅས་ཀྱིས་མཉམ་དུ་ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་བྱས་ཆོག་ཅིང་།ཞལ་འདེབས་འབུལ་རྒྱུའི་ཐག་གཅོད་པར་ཡིག་ཐོག་ནས་ཞལ་འདེབས་འབུལ་སྟངས་སྤྱོད་དགོས།
2. 预防性骚扰:明确机关、企业、学校责任近年来,性骚扰成为社会关注的热点话题。有调查显示,该问题常见于企业、学校等单位,而地铁站、公交车上、餐厅等人流密集的公共场所也是性骚扰频发之地。对此,《民法典》规定了性骚扰的认定标准,以及机关、企业、学校等单位防止和制止性骚扰的义务。(第一千零一十条)
༢.འདོད་སྲེད་སློང་བར་སྔོན་འགོག་བྱས་ཤིང་། ལས་ཁུངས་དང་། ཁེ་ལས།སློབ་གྲྭ་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ།
ཉེ་བའི་ལོ་འདི་གའི་རིང་ལ།་ཆགས་རྩེད་སྙད་འཚོལ་ནི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གླེང་གཞི་གཙོ་བོ་ཞིག་ཡིན། བརྟག་དཔྱད་ལས་མངོན་པ་ལྟར་ན། གནད་དོན་འདི་ནི་ཁེ་ལས་དང་སློབ་གྲྭ་སོགས་ཀྱི་ལས་ཁུངས་སུ་རྒྱུན་དུ་མཐོང་བ་དང་།ས་འོག་ལྕགས་ལམ་ས་ཚིགས་དང་། སྤྱི་སྤྱོད་རླངས་འཁོར་སྟེང་། ཟ་ཁང་སོགས་མི་ཚོགས་མང་བའི་སྤྱི་སྤྱོད་ས་གནས་ཀྱང་ཆགས་རྩེད་སྙད་འཚོལ་ཡང་ཡང་བྱེད་ས་རེད། <
<དམངས་དོན་ཁྲིམས་གཞུང>>ནང་ཆགས་རྩེད་སྙད་འཚོལ་གྱི་ངོས་འཛིན་ཚད་གཞི་དང་།དེ་བཞིན་ལས་ཁུངས་དང་།ཁེ་ལས།སློབ་གྲྭ་སོགས་སྡེ་ཚན་གྱིས་ཆགས་རྩེད་སྙད་འཚོལ་སྔོན་འགོག་དང་བཀག་འགོག་བྱེད་པའི་འོས་འགན་གཏན་འབེབས་བྱས་ཡོད། (དོན་ཚན་ཆིག་སྟོང་བརྒྱ་ད་བཅུ་གཅིག་པ།)དམངས་དོན་ཁྲིམས་གཞུང>3. 姓名权、名称权的扩张保护明确对具有一定社会知名度,被他人使用足以造成公众混淆的笔名、艺名、网名等,参照适用姓名权和名称权保护的有关规定。(第一千零一十七条)
༣.རུས་མིང་དབང་ཆ་དང་འབོད་མིང་དབང་ཆའི་སྲུང་སྐྱོབ་ཐད་གཞི་རྒྱ་ཆེ་རུ་ཕྱིན་པ།སྤྱི་ཚོགས་ཐོག་སྐད་གྲགས་ངེས་ཅན་ལྡན་པ་དང་།མི་གཞན་གྱིས་སྤྱི་དམངས་མཉམ་བསྲེས་བྱེད་ངེས་པའི་པུར་མིང་དང་།སྒྱུ་རྩལ་གྱི་མིང་།དྲ་མིང་སོགས་བེད་སྤྱོད་བྱས་ན། རུས་མིང་གི་བདག་དབང་དང་མིང་གི་བདག་དབང་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྤྱད་འཐུས།
4. 禁止非法收集个人信息针对利用信息技术手段“深度伪造”他人的肖像、声音,侵害他人人格权益,甚至危害社会公共利益等问题,规定禁止任何组织或者个人利用信息技术手段伪造等方式侵害他人的肖像权。
༤..མི་སྒེར་གྱི་ཆ་འཕྲིན་ཚུལ་མིན་བསྡུ་རུབ་བྱེད་རྒྱུར་བཀག་འགོག་བྱས་པ། ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་མི་གཞན་གྱི་འདྲ་པར་དང་སྐད་སྒྲ་"་རྫུན་བཟོ་གཏིང་ཟབ་"་བྱས་ནས་མི་གཞན་གྱི་མིའི་ཐོབ་ཐང་གི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཐ་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་།རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་རྫུན་བཟོ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་བོ་གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཏང་མི་ཆོག་པའི་གཏན་འབེབས་བྱས།
5. “标题党”“跟风党”或将承担民事责任对行为人实施新闻报道、舆论监督等行为涉及的民事责任承担,以及行为人是否尽到合理核实义务的认定等作了规定。
༥.གཅིག་བྱས་ན་“ཁ་བྱང་ཤོག་ཁག”དང་“ལས་ཟློས་ཤོག་ཁག”གིས་ཀྱང་དམངས་དོན་འགན་འཁྲི་འཁུར་འོས་པ། བྱ་སྤྱོད་སྤེལ་མཁན་གྱིས་གསར་འགྱུར་སྤེལ་གཏོང་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་ཀྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་དམངས་དོན་འགན་འཁྲི་འཁུར་བ་དང་དེ་བཞིན་བྱ་སྤྱོད་སྤེལ་མཁན་གྱིས་ལུགས་མཐུན་ངང་ཞིབ་བསྡུར་གྱི་འོས་འགན་བསྒྲུབས་ཡོད་མེད་སོགས་ལ་གཏན་འབེབས་བྱས་ཡོད།
6. 侵犯隐私权行为具体化随着信息化时代的发展,侵犯隐私权的手段愈发隐蔽多样,此次《民法典》与时俱进,规定了隐私的定义,列明禁止侵害他人隐私权的具体行为。
༦.སྒེར་དོན་གསང་དབང་ལ་བཙན་གནོད་བྱས་པའི་བྱ་སྤྱོད་ཉིད་ཞིབ་གསལ་བཟོས་པ།ཆ་འཕྲིན་ཅན་གྱི་དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྒེར་གྱི་གསང་དོན་ལ་གནོད་འཚེ་གཏོང་བའི་བྱེད་ཐབས་སྣ་ཚོགས་སྤྱོད་ཀྱི་ཡོད།ད་ཐེངས་ཀྱི《དམངས་དོན་སྐོར་གྱི་བཅའ་ཁྲིམས》དུས་བསྟུན་འཕེལ་རྒྱས་ཕྱིན་ནས་སྒེར་གྱི་གསང་དོན་ལ་གནོད་འཚེ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་གཏན་འབེབས་གསལ་པོ་བྱས་ཡོད།
7. 个人信息内涵的开放性明确了处理个人信息应遵循的原则和条件,构建自然人与信息处理者之间的基本权利义务框架,合理平衡保护个人信息与维护公共利益之间的关系,规定国家机关及其工作人员负有保护自然人的隐私和个人信息的义务。
༧. མི་སྒེར་ཆ་འཕྲིན་གྱི་ནང་དོན་རྒྱ་བསྐྱེད་བྱས་པ།མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་ཆ་རྐྱེན་ཁ་གསལ་བཟོས་ནས་རང་བྱུང་མི་དང་ཆ་འཕྲིན་ཐག་གཅོད་བྱེད་མཁན་དབར་གྱི་གཞི་རྩའི་ཁེ་དབང་དང་འོས་འགན་གྱི་སྒྲོམ་གཞི་བསྐྲུན་པ་དང་།མི་སྒེར་གྱི་ཆ་འཕྲིན་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བར་གྱི་འབྲེལ་བ་དོ་སྙོམས་ལུགས་མཐུན་ངང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་དོན་མི་སྣར་རང་བྱུང་མིའི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ཅེས་གཏན་འབེབས་བྱས་ཡོད།
婚姻家庭编八大亮点
གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་བཀྲག་མདངས་འཚེར་ས་བརྒྱད།
1.与国家计划生育政策的调整相协调民法典将收养人须无子女的要求修改为收养人无子女或者只有一名子女。(第一千零九十八条第一项)
༡.རྒྱལ་ཁབ་ཀྱི་འཆར་ལྡན་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་ཕན་ཚུན་མཐུན་སྦྱོར་།དམངས་དོན་ཁྲིམས་གཞུང་ནང་ཉར་གསོ་བྱེད་མཁན་ལ་ངེས་པར་དུ་བུ་ཕྲུག་མེད་པའི་བླང་བྱ་དེ་ཉར་གསོ་བྱེད་མཁན་ལ་བུ་ཕྲུག་མེད་པའམ་ཡང་ན་བུ་ཕྲུག་གཅིག་མ་གཏོགས་མེད་ཅེས་པར་བཟོ་བཅོས་བརྒྱབ་ཡོད།(དོན་ཚན་ཆིག་སྟོང་བརྒྱ་མེད་དགུ་བཅུ་གོ་བརྒྱད་པའི་ནང་གསེས་དོན་ཚན་དང་པོ།)
2.收养有漏洞,民法典来护航为进一步加强对被收养人利益的保护,在收养人条件中增加“无不利于被收养人健康成长的违法犯罪记录”。(第一千零九十八条第四项)
༢.ཉར་གསོ་ལ་གནད་དོན་ཡོད་པས་དམངས་དོན་ཁྲིམས་གཞུང་ཀྱིས་སྲུང་སྐྱོབ་བྱས།ཉར་གསོ་བྱ་ཡུལ་གྱི་མིའི་ཁེ་ཕན་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་ཆེད་ཉར་གསོ་བྱེད་མཁན་གྱི་ཆ་རྐྱེན་ནང་"་ཉར་གསོ་བྱ་ཡུལ་གྱི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་གནོད་པའི་ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ་"་ཞེས་པ་ཁ་སྣོན་བརྒྱབ་ཡོད། (དོན་ཚན་ཆིག་སྟོང་བརྒྱ་ད་དགུ་བཅུ་གོ་བརྒྱད་པའི་ནང་གསེས་དོན་ཚན་བཞི་པ་)
3.离婚太冲动,30天内可撤回为减少“头脑发热”式离婚,民法典规定了提交离婚登记申请后三十日的离婚冷静期,在此期间,任何一方可以向登记机关撤回离婚申请。
༣.བཟའ་ཚང་ཁ་བྲལ་བ་ཧོལ་རྒྱུགས་ཆེ་བས་ཉིན་སུམ་ཅུའི་ནང་ཕྱིར་འཐེན་བྱས་ཆོག།“ངར་ལངས་པའི་”བཟའ་ཚང་ཁ་བྲལ་རྒྱུ་ཉུང་དུ་གཏོང་ཆེད།དམངས་དོན་ཁྲིམས་གཞུང་ནང་བཟའ་ཚང་ཁ་བྲལ་རྒྱུའི་ཐོ་འགོད་རེ་ཞུ་ཕུལ་རྗེས་ཀྱི་ཉིན་སུམ་ཅུའི་རིང་གི་བཟའ་ཚང་ཁ་བྲལ་བའི་ཞི་ལྷོད་དུས་སྐབས་གཏན་འབེབས་བྱས་ཡོད།དེའི་རིང་ཕྱོགས་གང་རུང་ཞིག་གིས་ཐོ་འགོད་ལས་ཁུངས་ལ་བཟའ་ཚང་ཁ་བྲལ་རྒྱུའི་རེ་ཞུ་ཕྱིར་འཐེན་བྱས་ཆོག།
4. 想离婚又多了一条路径针对离婚诉讼中出现的“久调不判”的现象,民法典规定,经人民法院判决不准离婚后,双方又分居满一年,一方再次一起离婚诉讼的,应当准予离婚,还对方一份自由。
༤.བཟའ་འཐོར་བྱེད་འདོད་ན་ཐབས་ལམ་གཅིག་མང་དུ་ཕྱིན་པ། བཟའ་ཚང་ཁ་བྲལ་རྒྱུའི་གཏུག་བཤེར་ཁྲོད་བྱུང་བའི་"་འདུམ་འགྲིག་ཡུན་རིང་བྱས་ཀྱང་དཔྱད་མཚམས་མི་གཏོང་བའི་"་སྣང་ཚུལ་ལ་དམིགས་ནས་དམངས་དོན་ཁྲིམས་གཞུང་ནང་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་བྱས་མི་ཆོག་པའི་དཔྱད་མཚམས་བཏང་རྗེས་ཕྱོགས་གཉིས་ཀ་ལོགས་སུ་བསྡད་ནས་ལོ་གཅིག་སོང་བ་དང་།ཕྱོགས་གཅིག་གིས་ཡང་བསྐྱར་བཟའ་ཚང་ཐ་དད་བྱ་རྒྱུའི་གཏུག་བཤེར་བྱས་ན་བཟའ་ཚང་ཐ་དད་བྱེད་དུ་འཇུག་དགོས་པ་དང་།ཕ་རོལ་པོར་རང་དབང་ཞིག་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད།
5. 疾病作为婚姻无效的事由被删除民法典不再将“患有医学上认为不应当结婚的疾病”作为禁止结婚的情形,而是规定一方隐瞒重大疾病的,另一方可以向人民法院请求撤销婚姻,并且有权请求损害赔偿。
༥.ནད་རིགས་འགའ་ཤས་གཉེན་སྒྲིག་བྱས་ཀྱང་ཁྲིམས་ནུས་མེད་པར་རྩི་བའི་རྒྱུ་མཚན་དུ་དྲངས་སྐོར་གསུབ་ཟིན་པ། དམངས་དོན་ཁྲིམས་གཞུང་ནང་"་གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་འོས་པའི་ནད་ཕོག་པ་"་དེ་གཉེན་སྒྲིག་བྱེད་མི་ཆོག་པའི་གནས་ཚུལ་དུ་མི་བརྩི་བ།ཕྱོགས་གཅིག་གིས་ནད་གཞི་ཚབས་ཆེན་སྦས་གསང་བྱས་པ་ཡིན་ན།ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག་པ་མ་ཟད།་གུན་གསབ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡང་ཡོད།
6. 离婚负债多,法律来辨析根据社会发展需要,民法典明确夫妻共同债务的范围,夫妻一方在婚姻关系存续期间以个人名义超出家庭日常生活需要所负的债务,不属于夫妻共同债务;但是,债权人能够证明该债务用于夫妻共同生活、共同生产经营或者基于夫妻双方共同意思表示的除外。
༦.བཟའ་འཐོར་སྐབས་ཀྱི་བུ་ལོན་མང་སྐོར་བཅའ་ཁྲིམས་ཀྱིས་དབྱེ་ཞིབ་བྱས་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས།དམངས་དོན་ཁྲིམས་གཞུང་གིས་ཁྱོ་ཤུག་ཐུན་མོང་གི་བུ་ལོན་གྱི་ཁྱབ་ཁོངས་ཁ་གསལ་བྱས་ཡོད།ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་འབྲེལ་བ་གནས་པའི་དུས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་ཏེ་བུ་ལོན་ཟུག་རིགས་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཁོངས་སུ་མི་གཏོགས།འོན་ཀྱང་བུན་བདག་གིས་བུ་ལོན་དེ་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་།ཐུན་མོང་གི་ཐོན་སྐྱེད་གཉེར་སྐྱོང་ངམ་ཡང་ན་ཁྱོ་ཤུག་ཕྱོགས་གཉིས་ཀའི་ཐུན་མོང་གི་བསམ་ཚུལ་མཚོན་པའི་ར་སྤྲོད་བྱེད་ཐུབ་པའི་རིགས་འདིའི་ཁོངས་སུ་མི་ཚུད།
7. 离婚案件中二周岁以下子女抚养权不再有争议民法典将现行婚姻法规定的“哺乳期内的子女,以随哺乳的母亲为原则”修改为“不满两周岁的子女,由母亲直接抚养为原则”,以增强可操作性。
༧.བཟའ་ཚང་ཁ་བྲལ་བའི་གྱོད་དོན་ཁྲོད་ལོ་གཉིས་མན་གྱི་བུ་ཕྲུག་གསོ་སྐྱོང་བྱེད་དབང་ལ་རྩོད་པ་མེད།དམངས་དོན་ཁྲིམས་གཞུང་ནང་ད་ལྟ་ལག་ལེན་བསྟར་བཞིན་པའི་གཉེན་སྒྲིག་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་“ནུ་མ་སྣུན་པའི་ནང་གི་བུ་ཕྲུག་ལ་འོ་མ་སྣུན་མཁན་གྱི་ཨ་མས་རྩ་དོན་བྱ་རྒྱུ་”ཞེས་པ་དེ་“ལོ་གཉིས་མ་ལོན་པའི་བུ་ཕྲུག་ལ་ཨ་མས་ཐད་ཀར་གསོ་སྐྱོང་བྱ་རྒྱུ་རྩ་དོན་དུ་འཛིན་རྒྱུ་”ཞེས་པར་བཟོ་བཅོས་བརྒྱབ་ཡོད།
8. 规范亲子关系确认和否认之诉对亲子关系有异议且有正当理由的,父或者母可以向人民法院提起诉讼,请求确认亲子关系。
༨.ཕ་བུའི་འབྲེལ་བ་ཚད་ལྡན་དུ་གཏོང་བའི་གཏན་འཁེལ་དང་ཁས་མི་ལེན་པའི་གཏུག་བཤེར། ཕ་བུའི་འབྲེལ་བར་བསམ་འཆར་མི་འདྲ་བ་ཡོད་པ་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡང་ཡོད་ན་ཕ་མས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཕ་བུའི་འབྲེལ་བ་གཏན་འཁེལ་བྱ་རྒྱུའི་རེ་བ་བཏོན་
继承编六大亮点
ཤུལ་འཛིན་སྐོར་གྱི་བཀྲག་མདངས་འཚེར་ས་དྲུག།
1.扩大遗产范围《民法典》删除此前对遗产的列举,以“合法的财产”一言概之,扩大了遗产的范围。随着现代社会的发展,公民财产类型、财产形式日益丰富、增多,虚拟财产等新型财产可纳入遗产范围。(第一千一百二十二条)
༡.ཤུལ་ནོར་ཁྱབ་ཁོངས་རྒྱ་བསྐྱེད་བྱས་པ། <
<དམངས་དོན་ཁྲིམས་གཞུང།>>གིས་དེ་སྔོན་ཤུལ་བཞག་རྒྱུ་དངོས་ཀྱི་དཔེ་གཞི་བསུབ་པ་དང་།་"་ཁྲིམས་མཐུན་གྱི་རྒྱུ་ནོར་"་ཞེས་པ་ཚིག་གཅིག་ཏུ་བསྡུས་ནས་ཤུལ་བཞག་རྒྱུ་དངོས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་རེད།དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྤྱི་དམངས་ཀྱི་རྒྱུ་ནོར་གྱི་རིགས་དང་རྒྱུ་ནོར་གྱི་རྣམ་པ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་དང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།རྟོག་བཟོའི་རྒྱུ་ནོར་སོགས་རྒྱུ་ནོར་གསར་པ་ཤུལ་བཞག་རྒྱུ་དངོས་ཀྱི་ཁྱབ་ཁོངས་སུ་བཅུག་ཆོག།དམངས་དོན་ཁྲིམས་གཞུང།>2. 丧失继承权受遗赠权可“失而复得”《民法典》新增丧失继承权情形的同时补充规定了宽宥制度。被继承人已知继承人对其实施了相应的违法行为,却愿意对继承人的过错行为予以宽恕,恢复其已丧失的继承权,应对其意愿予以尊重。(第一千一百二十五条)
༢.ཤུལ་འཛིན་དབང་ཆ་དང་སྦྱིན་སྟེར་ལེན་དབང་ཤོར་ཟིན་ཀྱང་སླར་འཐོབ་ཏུ་ཡོད་པ།
《དམངས་དོན་ཁྲིམས་གཞུང།》ལས་ཤུལ་འཛིན་བྱེད་དབང་ཤོར་བའི་གནས་ཚུལ་གསར་དུ་བསྣོམ་པ་དང་དུས་མཚུངས་སུ་གུ་ཡངས་ལམ་ལུགས་ཁ་གསབ་ཀྱིས་གཏན་འབེབས་བྱས་ཡོད། ཤུལ་བཞག་ནོར་བདག་གིས་ཤུལ་འཛིན་པས་འབྲེལ་ཡོད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པ་ཤེས་ཡོད་མོད།ཤུལ་འཛིན་པས་རང་གི་ནོར་འཁྲུལ་བྱ་སྤྱོད་ལ་གུ་ཡངས་གཏོང་འདོད་པ་དང་།ཤོར་ཟིན་པའི་ཤུལ་འཛིན་བྱེད་དབང་སླར་གསོ་བྱེད་འདོད་ཡོད་པ།རང་གི་འདོད་མོས་ལ་བརྩི་འཇོག་བྱེད་ཀྱི་ཡོད།
3. 扩大法定继承人范围至侄、甥为了财产更多流转在血亲家族中,而非收归国家,《民法典》将代位继承扩大至被继承人的兄弟姐妹先于被继承人死亡的情形,使得被继承人的侄、甥获得第二顺位法定继承人资格,突破了原先晚辈直系血亲的限制。
༣.ཁྲིམས་བཀོད་ཤུལ་འཛིན་མི་སྣའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཚ་བོ་དང་ཚ་བོར་།རྒྱུ་ནོར་སྔར་ལས་མང་པོ་ཞིག་གཉེན་ཉེའི་ཁྱིམ་རྒྱུད་དུ་འཁོར་རྒྱུག་བྱེད་པའི་ཆེད་དུ་ཡིན་པ་ལས་རྒྱལ་ཁབ་ལ་དབང་བ་མིན།《དམངས་དོན་ཁྲིམས་གཞུང་》ནང་ཚབ་བྱེད་ཤུལ་འཛིན་དེ་ཤུལ་བཞག་ནོར་བདག་གི་གཅེན་གཅུང་མིང་སྲིང་གི་སྔོན་ལ་ཤུལ་བཞག་ནོར་བདག་ཚེ་ལས་འདས་པའི་གནས་ཚུལ་དུ་རྒྱ་སྐྱེད།ཤུལ་འཛིན་བྱ་ཡུལ་སྐྱེ་བོའི་ཚ་བོ་དང་ཚ་བོར་གོ་གནས་གཉིས་པའི་ཁྲིམས་བཀོད་ཤུལ་འཛིན་པའི་ཐོབ་ཐང་ཐོབ་སྟེ་སྔོན་ཆད་མི་རབས་རྗེས་མའི་རྒྱུད་འབྲེལ་སྤུན་མཆེད་ཀྱི་ཚོད་འཛིན་ལས་བརྒལ་བ་རེད།
4. 增加打印、录像遗嘱新形式《民法典》增设了打印遗嘱与录像遗嘱两种法定遗嘱形式。
༤.ཡིག་དཔར་དང་བརྙན་ཕབ་བཅས་ཀྱི་ཁ་ཆེམས་རྣམ་པ་གསར་སྣོན་བྱས་པ། <
<དམངས་དོན་ཁྲིམས་གཞུང>>དུ་ཁ་ཆེམས་བསྐྱར་དཔར་དང་བརྙན་ཕབ་ཁ་ཆེམས་ཀྱི་ཁྲིམས་བཀོད་ཁ་ཆེམས་རྣམ་པ་གཉིས་ཁ་སྣོན་བྱས་ཡོད།དམངས་དོན་ཁྲིམས་གཞུང>5. 废除公证遗嘱效力优先规则为尊重遗嘱人的真实意愿,《民法典》修改了遗嘱效力规则,删除了现行继承法关于公证遗嘱效力优先的规定,以更好保护民法当事人意思自治原则。
༥.གཞུང་དཔང་བྱས་པའི་ཁ་ཆེམས་ཁྲིམས་ནུས་ཆེ་བའི་ལུགས་སྲོལ་རྩ་མེད་བཟོས་པ།ཁ་ཆེམས་འཇོག་མཁན་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་ཆེད།་<<་དམངས་དོན་ཁྲིམས་གཞུང་>>་གིས་ཁ་ཆེམས་ཀྱི་ཕན་ནུས་སྒྲིག་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་།་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཤུལ་འཛིན་བཅའ་ཁྲིམས་ཀྱི་གཞུང་དཔང་ཁ་ཆེམས་ཀྱི་ཕན་ནུས་སྔོན་ཐོན་ཡིན་པའི་སྐོར་གྱི་གཏན་འབེབས་བསུབ་ནས།་དམངས་ཁྲིམས་དོ་བདག་གི་ནང་དོན་རང་སྐྱོང་བྱེད་པའི་རྩ་དོན་ལ་སྔར་ལས་ལྷག་པར་སྲུང་སྐྱོབ་བྱས།
6.增加遗产管理人制度为确保遗产得到妥善管理、顺利分割,更好地维护继承人、债权人利益,增加规定了遗产管理人制度,明确了遗产管理人的产生方式、职责和权利等内容。
༦.ཤུལ་དངོས་དོ་དམ་ལམ་ལུགས་གསར་སྣོན་བྱས་པ། ཤུལ་བཞག་རྒྱུ་དངོས་ལ་དོ་དམ་འོས་འཚམ་དང་བདེ་བླག་ངང་བགོ་བཤའ་རྒྱག་པར་ཁག་ཐེག་བྱེད་ཆེད།ཤུལ་འཛིན་པ་དང་བུན་བདག་གི་ཁེ་ཕན་ལ་སྔར་ལས་ལྷག་པར་སྲུང་སྐྱོང་དང་།ཤུལ་བཞག་རྒྱུ་དངོས་དོ་དམ་པའི་ལམ་ལུགས་ཁ་སྣོན་གྱིས་གཏན་འབེབས།ཤུལ་བཞག་རྒྱུ་དངོས་དོ་དམ་པའི་འབྱུང་ཐབས་དང་།འགན་འཁྲི།ཁེ་དབང་སོགས་ཀྱི་ནང་དོན་ཁ་གསལ་བྱས་ཡོད།
侵权责任编七大亮点
དབང་གནོད་ཀྱི་འགན་འཁྲིའི་སྐོར་གྱི་བཀྲག་མདངས་འཚེར་ས་བདུན།
1.确立“自甘风险”规则自愿参加具有一定风险的文体活动,因其他参加者的行为受到损害的,受害人不得请求没有故意或者重大过失的其他参加者承担侵权责任。
༡. “རང་འདོད་ཉེན་ཁའི་”ལམ་སྲོལ་གཏན་འཁེལ་བཟོས་པ། རང་མོས་ཐོག་ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་བྱེད་སྒོར་ཞུགས་པར་ཞུགས་མཁན་གྱི་བྱ་སྤྱོད་གཞན་དག་གི་དབང་གིས་གནོད་སྐྱོན་ཕོག་ན།གནོད་འཚེ་ཕོག་མཁན་གྱིས་རྐང་བཙུགས་ནས་གྱོང་གུན་ཕོག་པའམ་ཡང་ན་འགན་འཛོལ་ཚབས་ཆེན་ཤོར་བའི་ཞུགས་མཁན་གཞན་དག་ལ་དབང་གནོད་ཁག་འགན་འཁུར་དགོས་པའི་རེ་ཞུ་བྱས་མི་ཆོག།
2.规定“自助行为”制度明确合法权益受到侵害,情况紧迫且不能及时获得国家机关保护,不立即采取措施将使其合法权益受到难以弥补的损害的,受害人可以在保护自己合法权益的必要范围内采取扣留侵权人的财物等合理措施,但是应当立即请求有关国家机关处理。
༢. “རང་སྐྱོར་བྱ་སྤྱོད་”ཀྱི་ལམ་ལུགས་གཏན་འཁེལ་བྱས་པ། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚུལ་ཁ་གསལ་བཟོས་ཀྱང་གནས་ཚུལ་ཛ་དྲག་ཆེ་བ་མ་ཟད།དུས་ཐོག་ཏུ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་སྲུང་སྐྱོང་ཡང་འཐོབ་མི་ཐུབ་པ་དང་།འཕྲལ་མར་བྱེད་ཐབས་མ་སྤྱད་པར་དེའི་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་བྲལ་བའི་གྱོང་གུན་ཕོག་རིགས། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་རྒྱུ་ནོར་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ཆོག་མོད།འོན་ཀྱང་འཕྲལ་མར་འབྲེལ་ཡོད་རྒྱལ་ཁབ་གཞུང་གི་ལས་ཁུངས་ལ་ཐག་གཅོད་གནང་རོགས་ཞུ་དགོས།
3. 加强对知识产权的保护故意侵害他人知识产权,情节严重的,被侵权人有权请求相应的惩罚性赔偿。
༣.ཤེས་རིག་བདག་དབང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཤེས་བཞིན་དུ་མི་གཞན་གྱི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་བའི་ཉེས་ཚབས་ཆེ་རིགས་ལ་དབང་ཆར་གནོད་འཚེ་ཕོག་མཁན་གྱིས་བབ་མཚུངས་ཀྱི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་སྤྲོད་རོགས་ཞུ་དབང་ཡོད།
4. 完善生产者、销售者召回缺陷产品的责任依照相关规定采取召回措施的,生产者、销售者应当负担被侵权人因此支出的必要费用。
༤.ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་ཐོན་རྫས་ལྷད་ཅན་ཚུར་བསྡུ་བྱེད་པའི་འགན་འཁྲི་འཐུས་ཚང་བཟོས་པ།
འབྲེལ་ཡོད་གཏན་འབེབས་ལྟར་ཕྱིར་སྡུད་བྱེད་ཐབས་སྤྱད་རིགས།ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་དབང་གནོད་ཐེབས་པའི་མིས་དེའི་རྐྱེན་གྱིས་བཏང་བའི་དགོས་ངེས་ཀྱི་འགྲོ་གྲོན་གཏོང་འགན་འཁུར་དགོས།
5. 规范医患关系与患者隐私保护进一步保障患者的知情同意权,明确医务人员的相关说明义务,加强医疗机构及其医务人员对患者隐私和个人信息的保护。
༥.སྨན་པ་དང་ནད་པའི་འབྲེལ་བ་དང་། ནད་པའི་གསང་དོན་དམ་སྲུང་བྱ་རྒྱུའི་སྐོར་ཚད་ལྡན་གྱུར་པ། ནད་པའི་གནས་ཚུལ་ཤེས་རྟོགས་དང་མོས་མཐུན་བྱེད་དབང་སྔར་བས་འགན་ལེན་དང་།སྨན་བཅོས་མི་སྣའི་འབྲེལ་ཡོད་གསལ་བཤད་འོས་འགན་ཁ་གསལ།སྨན་བཅོས་སྒྲིག་གཞི་དང་དེའི་སྨན་དོན་མི་སྣས་ནད་པའི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
6. 加强生态环境保护规定生态环境损害的惩罚性赔偿制度,并明确规定了生态环境损害的修复和赔偿规则。
༦.སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་གཏན་འབེབས་བྱས་པ་མ་ཟད།་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་སླར་གསོ་དང་གུན་གསབ་བྱེད་པའི་སྒྲིག་སྲོལ་གཏན་འབེབས་ཁ་གསལ་བྱས་ཡོད།
7.完善高空抛物坠物治理规则禁止从建筑物中抛掷物品,同时针对此类事件处理的主要困难是行为人难以确定的问题,强调有关机关应当依法及时调查,查清责任人,并规定物业服务企业等建筑物管理人应当采取必要的安全保障措施防止此类行为的发生。
༧.བར་སྣང་ཟག་དངོས་ཀྱི་གནད་དོན་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོས་པ།འཛུགས་སྐྲུན་དངོས་པོའི་ནང་ནས་དངོས་པོ་གཡུག་མི་ཆོག་པ་དང་ཆབས་ཅིག་དོན་རྐྱེན་དེ་རིགས་ཐག་གཅོད་བྱེད་པའི་དཀའ་ངལ་གཙོ་བོ་ནི་བྱ་སྤྱོད་སྤེལ་མཁན་གྱིས་གཏན་འཁེལ་བྱེད་དཀའ་བའི་གནད་དོན་ཡིན་།འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་ཐོག་ཏུ་བརྟག་དཔྱད་དང་།འགན་འཁྲི་མི་སྣ་རྩད་གཅོད་གསལ་པོ་བྱ་དགོས་པ་མ་ཟད།དངོས་ལས་ཞབས་ཞུའི་ཁེ་ལས་སོགས་འཛུགས་སྐྲུན་དངོས་པོའི་དོ་དམ་པས་དགོས་ངེས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཐབས་སྤྱད་ནས་བྱེད་ལས་འདི་རིགས་འབྱུང་བར་སྔོན་འགོག་བྱ་དགོས་པའི་གཏན་འབེབས་བྱས་ཡོད།
来源:最高人民法院司法案列研究院

原标题:《民法典|49个法律要点》

