༄༅༎ཁ་དཔེ་ངག་རྩལ་ཡིད་དབང་དཔེ་མ།

2020-05-27 02:40
四川

关于香巴拉乡城民间谚语

谚语,藏语称之为“喀贝”或“丹贝”,是一个民族千百年来丰富智慧和普遍经验的积淀与结晶,因而具有较强的群众基础和旺盛的生命力。谚语具有音美、形美、意美的特征且包罗万象,堪称一部高度浓缩的百科全书。在语言形式上,谚语措辞简练、对仗工整、充分使用各种修辞方式。在音韵角度上,谚语富有乐感、音韵和谐、便于记诵。用语或典雅庄重或生动活泼、诙谐幽默,充满着生活气息。

俗话说得好,“ 花草生在山中,谚语出自胸中”。谚语可谓是民众心中一团智慧的火花,是古今中外劳动人民在为人处世、劳动生产、学习和工作的长期实践中,用心观察、反复琢磨、深入总结并广泛推行的“经验之谈”,是社会生活的“小百科全书”,是民族文化的精神财富和宝贵遗产,是一种富有思想性、艺术性、哲理性的历史“文献”,并在其使用过程中不断被赋予新意而更加丰富多彩。

乡城谚语是香巴拉文化宝库中又一颗光芒四射的璀璨明珠,其语境之广 阔,内容之丰富,用词之精湛,都堪称“绝句”。它包括了本土广为流传的民谚俗语和格言名句。正如乡城谚语所说“话语精炼在于谚语,食物味美在于盐巴。”一条好的谚语反映了某一事物和某个方面的客观法则,有群众公认的科学道理,人们把其奉为“ 处世的秘诀,做人的准则”而大加推崇。

作为民族文化的高度浓缩,谚语是富于色彩的艺术语言,它同优秀的文学作品、诗歌一样是语言的精华。它内容覆盖面可谓包罗万象、蔚为大观。窥一斑而见全豹,我们透过谚语这一特殊语言文化层面,可以看到藏族先民在其社会、文化、心理、以及哲学思辩等方面所独具的风采与魅力。对我们处事待人、应付进退、人生社会生活等各个方面都有启示。我们可以从中学习如何立志、如何奋斗、如何修养、如何处理各种关系以至如何健身养生等,其意义和作用的确非同小可,很值得我们去加以学习、体验和欣赏。

当然,谚语之海浩瀚无垠,此次收集、整理和试译出了乡城本土广为流传、众口皆碑的两千余条谚语,但由于受藏汉语言文化和审美情趣方面的差异和译者知识水平有限等等诸多因素制约,藏语里许多经典的谚语在翻译成汉语后,译文就已像兑了水的酒一般,其固有的浓郁和甘醇已不复如初。故在此仅取沧海一粟以供各界朋友参考与欣赏,错译漏译误译之处敬请批评指正!

༄༅༎ཕྱག་ཕྲེང་གི་དམངས་ཁྲོད་གཏམ་དཔེ།

གཏམ་དཔེ་ལ་ཁ་དཔེ་ཡང་ཟེར་ཞིང་དེ་མི་རིགས་ཤིག་གི་ལོ་ངོ་སྟོང་ཕྲག་མང་པོའི་བློ་གྲོས་དང་ཉམས་མྱོང་ཕྱོགས་སྡོམ་ཡིན་པས་དེ་ལ་དམངས་ཁྲོད་རང་བཞིན་གྱི་རྨང་གཞི་དང་ཉམས་མེད་ཀྱི་གསོན་ཤུགས་ལྡན་ཡོད།གཏམ་དཔེ་ལ་སྡེབ་སྦྱོར་མཛེས་པ་དང་ཚིག་ཉམས་མཛེས་པ།ནང་དོན་མཛེས་པ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པས་བསྡུ་བཟོ་ཆེན་པོ་བྱས་པའི་སྣ་འཛོམས་ཤེས་མཛོད་ཅིག་རེད་ཟེར་ཡང་མི་ཆོག་པ་མེད།སྐད་ཆའི་ཉམས་འགྱུར་གྱི་ཆ་ནས་གཏམ་དཔེ་ནི་ཚིག་སྦྱོར་བབ་ཆག་དང་སྡེབ་སྦྱོར་ཆ་འགྲིག་ཡོད་ཅིང་།ཕྱོགས་ཡོང་ནས་ཚིག་རྒྱན་སྣ་མོ་བེད་སྤྱོད་བྱས་ཡོད།ཚིག་སྦྱོར་གྱི་ཆ་ནས་གཏམ་དཔེ་ལ་ཕུན་སུམ་ཚོགས་པའི་རོལ་རྩེད་ཀྱི་རྣམ་པ་དང་གདངས་ཉམས་ཆ་སྒྲིག་ལེགས་པ།

བློར་ངེས་སླ་བོ་ཡོད་པ།སྐད་ཆ་ལྷོད་ཆགས་ཤིང་གསོན་ཉམས་དང་བཞད་གད་ཀྱི་ཉམས་ལྡན་ཞིང་། འཚོ་བའི་སྣང་བརྙན་གྱིས་ཁེངས་ཡོད།གནམ་མའི་གཏམ་དཔེར།མེ་ཏོག་འཁྲུངས་ས་རི་ན།ཁ་དཔེ་བྱུང་ས་ཁོང་ན་ཞེས་པ་ལྟར།གཏམ་དཔེ་ནི་མང་ཚོགས་སེམས་ཁོང་གི་བློ་གྲོས་ཀྱི་མེ་ལྕེ་ཕོན་པོ་ཞིག་སྟེ།གནམ་དེང་རྒྱལ་ཕྱི་ནང་གི་ངལ་རྩོལ་མི་དམངས་སྤྱི་ཚོགས་སུ་ཞུགས་ཤིང་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང་།སློབ་སྦྱོང་དང་རྒྱུན་རིང་གི་ལས་ཀའི་ཉམས་མྱོང་གི་ཁྲོད་བློ་གཅིག་གིས་བརྟག་ཞིབ་དང་།བསམ་གཞིག་བྱས་ཏེ་ཕྱོགས་སྡོམ་གཏིང་ཟབ་དང་རྒྱ་ཁྱབ་ཏུ་བརྒྱུད་སྤེལ་བྱས་པའི་ཉམས་མྱོང་གི་གཏམ་འདི་རིགས་ནི་སྤྱི་ཚོགས་ཤེས་མཛོད་ཅིག་དང་མི་རིགས་རིག་གནས་ཀྱི་བསམ་བློའི་ནོར་རྫསདང་ཕ་མེས་ཀྱི་ཤུལ་ནོར་རྩ་ཆེན།ད་དུང་དེ་ནི་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན།མཚན་ཉིད་རང་བཞིན་གྱི་ལོ་རྒྱུས་དཔྱད་ཡིག་རེད་ལ།དེ་ཉིད་བེད་སྤྱད་ཀྱི་གོ་རིམ་ཁྲོད་བར་མེད་དུ་ནང་དོན་གསར་བ་བསྣན་ཏེ་ཇེ་ལེགས་ཇེ་རྒྱས་སུ་བཏང་ཡོད་པ་རེད།

ཕྱག་ཕྲེང་གི་གཏམ་དཔེ་ནི་ཤམ་བྷ་ལའི་རིག་མཛོད་ཁྲོད་ཀྱི་གཟི་འོད་འཕྲོ་བའི་མུ་ཏིག་ཡིན་ལ།དེ་ཡི་སྐད་ཆའི་ཁོར་ཡུག་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ།ཚིག་སྦྱོར་འབྲེལ་ཆག་པ་སོགས་ཡོད་ཅིང་ཐམས་ཅད་ཀྱིས་གཏན་ཚིགས་ཞེས་ཀྱང་འབོད།འདིར་ཁྱབ་བརྡལ་ཆེ་བའི་དམངས་ཁྲོད་གཏམ་དཔེ་དང་ལེགས་བཤད་སོགས་འདུས་ཡོད། ཕྱག་ཕྲེང་གི་གཏམ་དཔེར། གཏམ་གྱི་འགོ་དཔེ་ཡིན།ཟས་གྱི་འགོ་ཚྭ་ཡིན་ཞེས་པ་ལྟར་གཏམ་དཔེ་ལེགས་གྲས་ཤིག་གིས་བྱ་དངོས་གང་ཞིག་དང་ཕྱོགས་གང་ཞིག་གི་གནས་ལུགས་ཤིག་སྟོན་གྱི་ཡོད་ལ།མང་ཕྱོགས་ཤིག་གིས་ཁས་ལེན་པའི་ཚན་རིག་གི་གནས་ལུགས་ཡོད།མི་རྣམས་ཀྱིས་གནས་ལུགས་དེ་རིགས་ནི་སྤྱི་ཚོགས་སུ་འཇུག་པའི་གསང་ལམ་དང་།ཀུན་སྤྱོད་ལ་བསྟུན་ཐབས་ཀྱི་ཚད་གཞིར་བྱེད་ཅིང་གཙུག་ཆེན་བྱེད་ཀྱི་ཡོད།

མི་རིགས་རིག་གནས་ཀྱི་ཕྱོགས་བསྡུས་ཉིང་བཅུད་ཅིག་གི་ཆ་ནས།གཏམ་དཔེ་ནི་ཚོན་རིས་ལྡན་པའི་སྒྱུ་རྩལ་ཞིག་ཡིན་ལ།དེ་བས་བོད་སྔོན་རབས་པའི་སྤྱི་ཚོགས་རིག་གནས་དང་།སེམས་ཁམས།མཚན་ཉིད་རྩོད་སྒྲུབ་བསམ་བློ་སོགས་ཕྱོགས་ཡོངས་ཀྱི་རྣམ་དཔྱོད་དང་།བློ་གྲོས་སོགས་མཐོང་ཐུབ།དེས་ད་དུང་མི་འགྲོག་སྟངས་དང་བྱ་བར་འཇུག་ལྡོག དེ་མིན་སྤྱི་ཚོགས་དང་མི་ཚེ།འཚོ་བ་སོགས་ཕྱོགས་ཡོང་ནས་མཛུབ་སྟོན་དང་གསལ་འདེབས་བྱས་ཡོད་པས་ང་ཚོས་འདི་ནས་ཇི་འདྲ་ཚུགས་ཐུབ་པར་བྱེད་པ་དང་།ཇི་འདྲར་ལས་ལ་བཙོན་པ།ཇི་འདྲར་སྦྱོང་བརྡར་བྱེད་པ།ཇི་འདྲར་བློ་ཐགགཅོད་པ།ཇི་འདྲར་ལུས་སྦྱོང་ལུས་གསོ་བྱེད་པ་སོགས་སློབ་སྦྱོང་བྱ་ཐུབ།དེའི་སྤྱོད་ནུས་དང་དོན་སྙིང་ནི་དེ་ལྟར་དོན་ངོ་མར་མི་དམན་པ་ཡིན་པས་ང་ཚོས་སློབ་སྦྱོང་དང་ལག་ལེན།རོལ་མྱོང་སོགས་བྱ་རིགས།

གཏམ་དཔེའི་རྒྱ་མཚོ་ཆེན་པོ་ནི་མུ་མཐའ་མེད་པ་ཞིག་ཡིན་པ་ནི་བཤད་མ་དགོས་མོད།ཐེངས་འདིར་འཚོལ་བསྡུ་དང་སྒྲིག་བསྒྱུར་བྱས་པ་ནི་དམངས་ཁྲོད་དུ་ཁྱབ་བརྡལ་ཆེ་བའི་གཏམ་དཔེ་ཉིས་སྟོང་ཡས་མས་ཙམ་ཡིན།འོན་ཀྱང་བོད་རྒྱའི་རིག་གནས་དང་མཛེས་དཔྱོད།བརྩེ་བ།དགའ་མོས་སོགས་ཀྱི་ཁྱད་པར་དང་ངོས་རང་གི་ཡོན་ཚད་སོགས་ཀྱི་ཤུགས་རྐྱན་འདྲ་མིན་གྱིས་བོད་སྐད་ཁྲོད་ཀྱི་ཕུལ་བྱུང་གི་གཏམ་དཔེ་མང་པོ་རྒྱ་ཡིག་ཏུ་བསྒྱུར་རྗེས།བསྒྱུར་ཡིག་དེ་ཆུས་བསླད་པའི་ཆང་ཇི་བཞིན་དེའི་སྔར་ཡོད་ཀྱི་རོ་བཅུད་དང་མཛེས་སྣང་ཉམས་འགྲོ་བའང་འདུག་འདིར་གཏམ་དཔེའི་རྒྱ་མཚོ་ཆེན་པོ་དེ་ནས་ཆུ་ཐིགས་ཙམ་བཏོན་ཏེ་གྲོགས་པོ་རྣམས་ལ་དཔྱད་གཞི་དང་རོལ་མྱོངས་སུ་འབུལ་བ་ཡིན།རྒྱ་ཡིག་ཏུ་ལྷག་བསྒྱུར་ལོག་བསྒྱུར་ནོར་བསྒྱུར་བྱས་པ་སོགས་བྱུང་ཡོད་པ་དག་མཛུབ་སྟོན་དང་དགོངས་འཆར་ཡོད་པར་ཞུ།

ཐེངས་འདིར་ཕྱག་ཕྲེང་མཛུབ་སྟོན་ནས<

<ཕྱག་ཕྲེང་དང་མཇལ་བ>>ཞེས་པའི་ལེ་ཚན་བཏོན་ཏེ་གཟའ་འཁོར་རེར་ཁྱེད་ལ་ལྟ་ཀློག་དང་། སྒྲ་བརྙན། པར་ལེན། རི་མོ། གཏམ་དཔེ། རྩོམ་རིག་སོགས་ཀྱི་བརྩམས་ཆོས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་དང་།གཟའ་འཁོར་འདིར་ཚང་མར<<མེས་པོའི་གཟི་བྱིན>>ཞེས་པའི་དཔེ་དེབ་ལས་བདམས་པའི་ཕྱག་ཕྲེང་གི་དམངས་ཁྲོད་གཏམ་དཔེ་སུམ་ཅུ་རོལ་མྱོངས་སུ་འབུལ་རྒྱུ་ཡིན།

རྔ་བ་རྡུང་རྒྱུ་རག་སོང་བསམ་ནས་མཚམས་པ་དགའ།

གཏོར་མ་འཆའ་རྒྱུ་རག་སོང་བསམ་ནས་བྱ་རོག་དགའ།

གནོད་པ་སྐྱེལ་རྒྱུ་རག་སོང་བསམ་ནས་གནོད་འདྲེ་དགའ།

滥充的仓巴以打法鼓得意,

投机的乌鸦以获施食窃喜,

阴暗的鬼魅以害他人为乐。

(注:仓巴,藏区民间以念经禳解为业的俗人。)

མར་ཁུ་ཆུ་མྱིག་ལྷམ་གོག་གིས་བཙངས་མི་ཉན།

酥油般的清泉勿用烂靴堵塞。

མྱིའི་བསམ་ཐོག་རྟ་ཡིས་འགྲུབ་མི་བཅུག

骑者之意,马儿不从。

ཁྱི་བཀག་མི་དགོས་དང་།

རྔ་མ་གཡུག་མི་དགོས།

不必巴结,无需摇尾。

མགོ་རྒྱབ་ལ་རྡོ་བརྒྱབ་ཀྱང་ཕྱི་འཁོར་མི་ཁོམ།

即使脑后击石,也无回顾之暇

ཕག་ཀོས་རང་བཀུ་འདང་བཅུག་དགོས།

猪皮上的油再多也要济自身之需。

ཁབ་བརྒྱ་ཡིས་ཟོག་མི་ཕེར།

ཁབ་གཅིག་གིས་ལས་རྡུགས།

有干针虽非财富,

缺一针却能瘫活。

མར་དཀར་འཆའ་ལོབས་བས་རྡོ་དཀར་གྱིས་སོ་བཅག

贪吃酥油成性,

误啃白石损牙。

ཕར་རྡོ་མི་རྒྱག་ན་ཚུར་བྲག་མི་འགས།

不曾扶助人,

何来帮己者。

༡༠

ལམ་སྐེད་རྡེའུ་འཕུར་ནས་སྤྱི་བོའི་དཀྱིལ་ལ་ཕོག

人若交霉运,

平路遇飞石。

༡༡

གླང་ལ་རྨོས་བྱེད་དུས་བ་ཡིས་སྐེ་བརྐྱངས།

公牛拉犁,

奶牛伸颈。

༡༢

རྒྱལ་ཁམས་ལོ་ལེགས་ན་སྤྲང་མྱིའི་ཟན་འབེལ།

国邦若遇丰年,

乞丐有望果腹。

༡༣

བཙབས་སྟན་རྡོ་བྱས་ན་ཕམ་ས་སྟེའུ་ཡིན།

若把坚石当砧板,

吃亏自然在刀刃。

༡༤

མྱི་ལ་བློ་མྱེད་ན་ཤིག་གིས་མྱི་བསད།

人若无智谋,

虱子也害命。

༡༥

མྱིག་གིས་དོན་མཐོང་དུས་སེམས་ནང་འདིང་དྲན།

མྱིག་གིས་འདིང་མཐོང་དུས་སེམས་ན་སྒྱུ་ཕོག

眼见财物,心生诡计;

眼见诡计,心生疑虑。

༡༦

བུ་མོ་དཔོན་པོ་ཕོག་པ་དེ།

ཀོ་རློན་ཞྭ་མོ་བསྐོན་དང་འདྲ།

恶妇为官,就如头戴湿皮帽越裹越紧。

༡༧

མགོ་ལ་དཔོན་མི་འདུག་བུ་རྟུག་བཀྲ་ཤིས།

无人管教的布道扎西。

(注:布道扎西专指不听教诲,独断其事而又游手好闲的人。)

༡༨

ཕ་ཡིས་བུ་བསྟོད།

མཆུ་ཡིས་ཨ་ཚོམ་བསྟོད།

父夸子,嘴夸须。

༡༩

རང་དོན་རེད་ན་ཆགས་ལུགས་བཤིག་ན་བཤིག

只求自己得利,

不顾伤风败俗。

༢༠

རང་གི་ཁ་ཁུར་ནས་མྱིའི་བྲང་ཁོག་བརྡུངས།

拿自己的嘴,

伤别人的心。

༢༡

བྱི་ལ་མ་སྨད་བདུན་ནང་བྱི་བ་ཨ་བསོད་བསམ་པ་ཅན།

七只家猫中,

唯一能捕耗子的。

༢༢

བཤད་རྒྱུ་ཡོད་ན་སྒོར་སྒོར་གྲལ་ན་ཤོད།

有话应在围座席上说。

༢༣

ཁྱི་ཡིས་རྩེད་མོས་རའི་སྐམ་སྲོག་གཅོད།

狗的嬉戏,

要了羊命。

༢༤

མདའ་གཅིག་གིས་ཤྭ་གཉིས།

མཛུབ་གཅིག་གིས་ཤིག་གཉིས།

一箭射双鹿,

一指掐两虱。

༢༥

རྡུང་རྒྱུ་བ་རྡུང་།

ཕོག་ས་བེའུ་ཐོག

两牛相斗,

牛犊遭殃。

༢༦

ལྕགས་ཀྱི་སྦུགས་ནང་ཤིང་གི་ཡུ་བ་སྤྲོད།

铁孔当然插木柄。

༢༧

ཟས་སྤང་ནང་འཆའ།

སྐྱག་པ་ནགས་ནང་བཏང་།

鲜草吃在草滩,

粪便排在山林。

༢༨

སྤྲེལ་ཤིང་འགོ་ལ་འཁུན།

སྦལ་བ་འདམ་ན་འཁུན།

蛙在潭中怨,

猴在树上怒。

༢༩

སྦྲུལ་ཁ་སྤུ་ཅན།

སྦལ་བ་ཨ་ཚོམ་ཅན།

有胡子的蛇,

长疵须的蛙。

༣༠

སྤྲིན་བྱིའུ་མགོ་ཙམ་གྱིས།

ལུང་པའི་བ་མོ་འགོག

鸟翅大的云,

能防条沟中的霜灾。

原标题:《༄༅༎ཁ་དཔེ་ངག་རྩལ་ཡིད་དབང་དཔེ་མ།》

阅读原文

    特别声明
    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问https://renzheng.thepaper.cn。