治多警方征集1起命案积案线索

2020-05-12 04:16
青海

2015年7月2日22时左右玉树州治多县立新乡发生一起故意杀人案,犯罪嫌疑人将个体经营户陈某残忍杀害后逃离现场。

该案发生后,公安机关本着“命案必破”的工作理念,积极查找案件线索,开展长期的走访调查工作,一直没有放弃对此案的侦破工作,但案件至今未能侦破。为广辟线索来源,尽快侦破此案,希望广大人民群众及案件知情者、目击者,积极向公安机关检举揭发,提供该案涉案线索和相关证据。对提供重要线索和相关证据并经公安机关查证属实的,视情给予1万元至5万元的奖励,对于直接提供线索破获案件的个人或者单位给予10万元的奖励。

公安机关将严格按照《中华人民共和国刑事诉讼法》有关规定,对证人、举报人的信息严格保密,并对其进行重点保护,对打击报复举报人的,依法从严从重惩处;对隐瞒、包庇、容留、窝藏犯罪嫌疑人以及为其提供便利条件的,经查实一律追究刑事责任,警方严正警告犯罪嫌疑人尽早投案自首,争取宽大处理。

来信来访

玉树州治多县公安局刑警大队

举报电话

扎警官:18109765666

罗警官:15597317972

2015ལོའི་ཟླ་7ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་10པ་ཙམ་ལ་འབྲི་སྟོད་རྫོང་ལིས་ཤིན་ཞང་དུ་དམིགས་གསལ་གྱི་མི་བསད་གྱོད་གཞི་ཞིག་བྱུང་། ཉེས་གསོག་དོགས་ཅན་གྱིས་ཁེར་གཉེར་དུད་ཚང་ཁྲེན་ག་གེ་མོར་གདུག་རྩུབ་ཆེན་པོས་བསད་རྗེས་ས་གནས་དངོས་ལས་བྲོས་སོང་། རང་རེ་ཅུའུ་ཡིས་ཉིན་དེར་གྱོད་གཞི་དེ་ཉེས་དོན་གྱོད་གཞིར་བརྩིས་ནས་མྱུལ་ཞིབ་བྱས།

གྱོད་གཞི་བྱུང་རྗེས། འབྲི་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས“མི་བསད་གྱོད་གཞི་ངེས་པར་དུ་རྩད་ཆོད་བྱེད་པའི”ལས་དོན་འདུ་ཤེས་ལ་གཞིགས་ནས། གྱོད་གཞིའི་ཁུངས་སྣེ་བཙལ་འཚོལ་ཧུར་ཐག་བྱས་པ་དང་། དུས་ཡུན་རིང་པོའི་བཅར་འདྲི་དང་བརྟག་དཔྱད་ལས་དོན་སྤེལ་བ། གྱོད་གཞི་དེའི་མྱུལ་ཞིབ་རྩད་གཅོད་ལས་དོན་ཐོག་མཐའ་བར་གསུམ་དུ་དོར་མེད་མོད་ཅིང་། འོན་ཀྱང་གྱོད་གཞི་ད་བར་དུ་རྩད་ཆོད་ཐུབ་མེད་པ་རེད། ཁུངས་སྣེ་ཡོང་ཁུངས་རྒྱ་ཆེར་གཏོང་བ་དང་གྱོད་གཞི་མྱུར་དུ་རྩད་ཆོད་ཐུབ་པའི་ཆེད། རྒྱ་ཆེའི་མི་དམངས་མང་ཚོགས་དང་། གྱོད་གཞི་ཤེས་རྟོགས་ཡོད་མཁན། དངོས་སུ་མཐོང་མཁན་ཡོད་ན། སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་དེ་གྱོད་གཞི་དེའི་གྱོད་འབྲེལ་ཁུངས་སྣེ་དང་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཁུངས་སྣེ་གལ་ཆེན་དང་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱེད་པར་སྤྱི་བདེ་ལས་ཁུངས་ཀྱིས་དངོས་བཤེར་གསལ་འཕྲོད་བྱུང་པ་རྒྱུད་དེ། གནས་ཚུལ་ལ་གཞིགས་ནས་སྒོར་ཁྲི་1ནས་སྒོར་ཁྲི་5བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཁུངས་སྣེ་ཐད་ཀར་མཁོ་འདོན་བྱས་ནས་གྱོད་གཞི་རྩད་གཅོད་ཐུབ་ན་མི་སྒེར་རམ་ཡང་ན་སྡེ་ཁག་ལ་སྒོར་ཁྲི་10ཡི་བྱ་དགའ་སྤྲོད་རྒྱུ་ཡིན།

སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ནན་པོར་གཞིགས་ནས། དཔང་མི་དང་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱེད་པ་མ་ཟད། དེ་ལའང་གཙོ་གནད་སྲུང་སྐྱོང་བྱེད་དེ། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། ཉེས་གསོག་དོགས་ཅན་སྦ་གསང་དང་། འགེབས་སྲུང་། ཉར་བ། སྦས་སྐུང་བྱས་པ་དང་དེ་བཞིན་སྟབས་བདེ་བསྐྲུན་མཁན་བཅས་ལ་རྩད་ཆོད་མཐའ་གསལ་བྱུང་ཚེ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་ལ་གང་མགྱོགས་རང་ཉེས་ངོས་ལེན་ཞུས་ནས་ཐག་གཅོད་གུ་ཡངས་གཏོང་དགོས་པའི་ཐ་ཚིག་ནན་པོ་བསྒྲགས་ཡོད།

ཡིག་སྐུར་ངོ་བཅར།

འབྲི་སྟོད་རྫོང་སྤྱི་བདེ་ཅུའི་

ཐེར་འདོན་གོང་ཞུའི་ཁ་པར།

ཉེན་རྟོག་དཔོན་བཀྲ། 18109765666

ཉེན་རྟོག་དཔོན་བློ། 15597317972

来源 | 青海公安

原标题:《治多警方征集1起命案积案线索》

阅读原文

    特别声明
    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问https://renzheng.thepaper.cn。