【双语普法】全国禁止非法野生动物交易,禁食界限在哪里?

2020-03-03 17:05
四川

ངག་རྒྱུན་དུ་ནར་ནར་ལྕེ་ལ་བདག་པོ་མ་རྒྱག་ན།རིལ་རིལ་དབུ་ལ་འོ་རྒྱལ་བཟོསཡོང་།ཞེས་པ་ལྟར་རི་སྐྱེས་བྲོ་བ་ལ་བག་མེད་རོལ་བས་༢༠༡༧ལོའི་SARSདང་མིག་སྔར་གྱི་ཏོག་དབྱིབས་ནད་དུག་གསར་སོགས་རིམས་ནད་བསྐྱར་སློང་བྱེད་པས།སྤྱི་དམངས་ཡོངས་ལ་སེམས་སྡུག་ཧ་ཅང་ཆེན་པོ་བཟོས་པ་ཤེས་གསལ་རེད།

俗话说,“人不能老在同一个地方跌倒。”

从17年前的SARS,到眼下的新型冠状病毒,

疫情的重演,无疑让公众对滥食野味可谓痛心疾首。

དེ་ལྟ་བུའི་རིམ་ནད་བསྐྱར་སློང་མི་ཡོང་བའི་ཆེད་དུ།སྤྱི་ཟླ་༢པའི་ཚེས༢༤ཉིན།རྒྱལཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་༡༦པའི་ཐོག་ཏུ་«ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱེད་པ་དང་།རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་བྱུང་ཟ་བའི་གོམས་གཤིས་ངན་པ་མེད་པརབཟོས་ནས།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས»་ལ་གྲོས་འཆམ་བྱུང་ནས་ཕྱོགས་ཡོངས་ནས་ཁྲིམས་དང་མི་མཐུན་པའི་སྒོ་ནས་རྔོན་རྒྱག་བྱེད་པ་དང་།ཉོ་ཚོང་བྱེད་པ།སྐྱེལ་འདྲེན་བྱེད་པར་རྡུང་རྡེག་བཏང་རྒྱུའི་བརྡས་ཐག་བཅད།«གཏན་འབེབས»་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་པས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཚོར་སྣང་དྲག་པོ་བསྟེར།

而为了避免再次“祸从口入”,2月24日,十三届全国人大常委会第十六次会议表决通过了《关于全面禁止非法野生动物交易、革除滥食野生动物陋习、切实保障人民群众生命健康安全的决定》(以下简称决定),并自公布之日起施行。

《决定》的颁布,马上在各个平台上引发了广大人民群众(特别是食家饕客们)的强烈反响。

གཤམ་ལ་རྩོམསྒྲིག་པས་གཏན་འབེབས་འདི་འགྲེལ་བརྗོད་བྱེད་རྒྱུ་ཡིན།

下面,小编就来跟大家解读一下《决定》。

བཀག་སྡོམ་གྱི་ཁྱབ་ཁོངས་སྐོར།

关于禁止的范围

«གཏན་འབེབས»ཀྱི་དོན་ཚན་གཉིས་པར་ལ་བལྟས་ན།གཙོ་བོ་ཁ་གཏད་ས་སྐམ་སའི་རི་སྐྱེས་སྲོག་ཆགས་ཡིན་པ།གཞན་པའི་ཉ་སོགས་ཆུ་གནས་སྲོག་ཆགས་བཀག་སྡོམ་གྱི་ཁྱབ་ཁོངས་སུ་ཚུད་མེད་པས།དེའི་རིགས་ཟ་བར་དགའ་བའི་མི་རྣམས་ཀྱིས་གནས་སྐབས་སེམས་ཁུར་མི་དགོས།ཡིན་ནའང་སྔར་ཡོད་ཆུ་གནས་སྲོག་ཆགས་བཟའ་སྤྱོད་ཀྱི་གཏན་འཁེལ་ལས་བརྒལ་བའི་ཆུ་གནས་སྲོག་ཆགས་གང་འདོད་དུ་ཟ་མི་ཆོག«ཉེས་དོན་བཅའ་ཁྲིམས»ཀྱི་དོན་ཚན་སུམ་རྒྱ་བཞི་བཅུ་ཡི་གཏན་འབེབས་ནང་གི་ཁྲིམས་མཐུན་མིན་པར་ཆུ་ཐོན་དངོས་རྫས་འཛིན་རྙབ་བྱེད་པའི་ནག་ཉེས་ནི་བཅའ་ཁྲིམས་ཀྱི་འདུ་ཤེས་མེད་པའི་ཆུ་གནས་སྲོག་ཆགས་ཟ་བར་དགའ་བའི་མི་རྣམས་ལ་ཆེད་དུ་བཟོ་བ་རེད།དེ་ནི་བཀག་སྡོམ་བྱེད་ཁུལ་དུ་བཀག་སྡོམ་བྱེད་པའི་ལག་ཆ་དང་ཐབས་ཤེས་སྤྱོད་ནས་ཆུ་གནས་སྲོག་ཆགས་རིགས་འཛིན་པའི་གནས་ཚུལ་ཚབས་ཆེན་གྱི་རིགས་ལ་ཟེར་བས་ཁ་ཟས་འཛིན་རྙབ་བྱེད་པར་དོགས་གཟབ་བྱེད་དགོས།

从《决定》第二条可以看出,《决定》针对的是“陆生野生动物”,鱼类等水生野生动物不列入禁食范围,所以,对于鱼虾蟹这些,吃货们就暂时不用担心了,但是别以为水产品没有进入规定就是可以敞开乱吃,刑法第三百四十条里有个罪名“非法捕捞水产品罪”就是为没有法律意识的吃货量身定制的,即:在禁渔区、禁渔期或使用禁止的工具、方法捕捞水产品,情节严重的行为。所以,鱼虾虽不禁,捕捞食用仍然要谨慎哦。

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་བའི་ས་ཁུལ་ཞིག་ཡིན་ལ།ས་གཞི་སྤྱི་ལེ་གྲུ་བཞི་མ་༡༥.༣ཡི་ཐོག་ཏུ་གངས་གཟིག་དང་འབྲོང་།རི་སྐྱེས་སྲོག་ཆགས་རིགས་༦༥༢ཙམ་ཡོད།དེལས་རྒྱལ་ཁབ་ཀྱི་གཙོ་གནད་སྲོང་སྐྱོང་རིམ་པ་དང་པོའི་རིགས་༢༣དང་།གཙོ་གནད་སྲུང་སྐྱོང་རིམ་པ་གཉིས་པའི་རིགས་༧༥ཡོད་ལ།རྩ་ཆེན་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་རིགས་༡༣༠ལྷག་ཡོད།

甘孜州是野生动物的乐园,生物物种最为丰富的地区之一,在这 15.3 万平方公里广袤的康巴大地上,已发现野生动物 652 余种,包括雪豹、野牦牛、白唇鹿、藏羚羊等 23 种国家重点保护一级野生动物,盘羊、猕猴、秃鹫等 75 种国家二级保护野生动物,珍贵濒危野生动物 130 余种。

གོང་གི་རི་མོ་དེ་དག་ནི་རང་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རིམ་པ་དང་པོའི་རིགས་ཀྱི་རི་སྐྱེས་སྲོག་ཆགས་དག་ཡིན་པ།

从左至右、从上到下依次为金钱豹、雪豹、白唇鹿、白尾海雕、黑颈鹤、黄喉雉鹑、藏野驴、绿尾红雉均为生活在我州的国家一级保护动物。

སྐམ་འཚོ་སྲོག་ཆགས་དང་ཆུ་གནས་སྲོག་ཆགས་སམ་ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་དང་སྟོངས་ཉེན་་རྩ་ཆེན་རི་སྐྱེས་སྲོག་ཆགས་གང་ཡིན་རུང་རྔོན་རྒྱག་པ་དང་ཉོ་ཚོང་བྱེད་པ།སྐྱེལ་འདྲེན་སོགས་གང་ཡང་བྱེད་མི་ཆོག གཏན་འབེབས་ཀྱི་དོན་ཚན་དང་པོའི་ནང་དུ་ 《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་ནང་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་། ཉོ་ཚོང་། སྐྱེལ་འདྲེན། བཟའ་བྱ་བཅས་གཏན་འགོག་བྱ་དགོས་རིགས་ལ་ངེས་པར་དུ་བཀག་འགོག་ནན་པོ་བྱ་དགོས་ཞེ་གསལ་བོ་བཀོད་ཡོད།

这些国家级重点保护动物及珍贵濒危野生动物不管是陆生还是水生可都不能猎捕、杀害、收购、运输及出售,《决定》第一条即明确提出“凡《中华人民共和国野生动物保护法》和其他有关法律禁止猎捕、交易、运输、食用野生动物,必须严格禁止”。

གཞན་པའི་ཉེས་ཁྲིམས་དོན་ཚན་༣༤༡པའི་ནང་དུ་ཁྲིམས་འགལ་གྱིས་སྲོག་ཆགས་རྩ་ཆེན་དང་སྟོངས་ཉེན་སྲོག་ཆགས་རྔོན་རྒྱག་པ་དངཉོ་འཚོང་བྱེད་པ།སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ནག་ཉེས་གཏན་འཁེལ་བྱས་ཡོད།

此外,《刑法》第341条规定了“非法猎捕、杀害珍贵、濒危野生动物罪”和“非法收购、运输、出售珍贵濒危野生动物、珍贵、濒危野生动物制品罪”。

གཏན་འཁེལ་འདི་གཞུ་བཟུང་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་དང་སྟོངས་ཉིན་རྩ་ཆེན་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་།དེའི་ཐོན་རྫས་ཉོ་ཚོང་དང་སྐྱེལ་འདྲེནབྱེད་པའི་གནས་ཚུལ་་ཡོད་པའི་ནག་ཉེས་ལ་ལོ༥ཡན་དང་ལོ་༡༠མན་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཆད།གནས་ཚུལ་ཚབས་ཆེན་ཡོད་པར་ལོ༡༠ཡན་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཆད།ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་དགོས།

依据该规定:非法猎捕、杀害国家重点保护的珍贵、濒危野生动物的,或者非法收购、运输、出售国家重点保护的珍贵、濒危野生动物及其制品的,处五年以下有期徒刑或者拘役,并处罚金;情节严重的,处五年以上十年以下有期徒刑,并处罚金;情节特别严重的,处十年以上有期徒刑,并处罚金或者没收财产。

ང་ཚོ་བོད་ཁུལ་དུ་རྒྱུན་མཐོང་ཡོད་པ་རི་བྱི་རེད།སྔོན་མར་མི་རྣམསཀྱི་འཚོ་བར་དཀའ་ངལ་ཡོད་པས་ཁ་ཕོ་བའི་ཆེད་དུ་རི་བྱི་རྔོན་རྒྱག་མང་།ད་ལྟ་ཡང་མི་འགའ་ཤས་ཀྱི་རྔོན་རྒྱག་བཞིན་ཡོད།སྲོལ་ཡིག་ལྟར་ན་རི་བྱི་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱབ་ཁོངས་སུ་གཏོགས་པ་མ་ཟད།ཁོའི་ལུས་ཕུང་ནང་དུ་བྱི་རིམས་ཀྱི་ནད་འབུ་མང་པོ་ཡོད་པ།དེང་རབས་ཀྱི་བྱི་རིམས་ནད་ནི་ཁོ་དང་འབྲེལ་བ་ཡོད་པས།ཕྱོགས་ཡོངས་ནས་བཟའ་སྤྱོད་དང་རྔོན་རྒྱག་པ།ཉོ་འཚོང་བྱེད་པ།སྐྱེལ་འདྲེན་བྱེད་པ་སོགས་བཀག་འགོག་བྱེད་དགོས།

说一下我们藏区常见的旱獭(俗称雪猪子),历史上藏区确实有打猎旱獭的人,主要是因为他们家里实在太穷,需要靠吃旱獭肉或用旱獭皮来维持温饱,现在也有少部分人打猎旱獭食用。这些肯定都是不允许的,首先旱獭属于《条例》中的“陆生野生动物”范畴,其次旱獭是鼠疫病菌的潜在携带者,据媒体报道,近年来我国发生的多起人间鼠疫都和旱獭有关。所以,更需全面禁止食用、猎捕、交易及运输。

བོད་ཁུལ་དུ་ཡོང་བའི་ཡུལ་སྐོར་བ་མང་པོས་རི་བྱི་ནི་ཤ་ཚ་མོ་ཞིག་ཏུ་རྩིས་ནས་དེ་ལ་བྱིལ་བྱུལ་བྱེད་པ་དང་ལག་འཇུ་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་མཐོང་རྒྱུ་འདུག དོན་དངོས་ལ་རི་བྱིིའི་ལུས་ཐོག་ན་བྱི་རིམས་ནད་འབུ་མང་པོ་ཡོད་པས་དེ་དང་ལུས་ཐོག་གི་འབྲེལ་བྱེད་མི་རུང་ལ་མི་ཚོགས་འདུ་འཛོམས་ཆེན་ས་དང་ཁྱིམ་ནང་སོགས་སུ་གསོ་ཚགས་བྱེད་མི་རུང་།དེའི་ལུས་ཐོག་གི་ནད་འབུས་མི་ཡི་རིགས་ལ་གནོད་འཚེ་བཟོ་སྲིད་པའོ།།

此外,许多来到藏区的游客也觉得旱獭非常呆萌可爱,因此和旱獭亲密接触、抚摸。事实上,这些亲密接触的举动都有可能成为感染鼠疫的源头。因此,千万不能因为长得萌就和旱獭亲密接触,更不能饲养野生旱獭,将病菌带回人类密集居住区,以免造成灾难。旱獭虽萌,但远观即可,可不要贪玩哦~

རི་སྐྱེས་སྲོག་ཆགས་ཀྱི་མཚན་ཉིད་དང་བཟའ་སྤྱོད་ཆོག་མིན་སྐོར་རྩོད་གཞི་ཡོད་པའི་ཟས་རིགས།

关于野生动物的定义和一些有争议的食材

དོན་ཚན་གཉིས་པའི་གཏན་འཁེལ་ལྟར།་མིའི་ཐབས་ཀྱིས་གསོ་སྤེལ་དང་གསོ་ཚགས་བྱེད་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་རིགས་ཡིན།དཔེར་ན་སྲོག་ཆགས་གླིང་དུ་འཚོ་གནས་ཡོད་པའི་སྤྲེའུ་དང་སྟག་གཟིགདེ་མ་ཟད་དེ་ཚོའི་ཕྲུག་གུ་སོགས་ཚང་མ་རི་སྐྱེས་སྲོག་ཆགས་ཡིན།

在第二条里我们看到“……包括人工繁育、人工饲养的陆生野生动物”的表述,通俗的理解,就是动物园里的熊猫老虎金丝猴也算“野生”,哪怕它们的爷爷辈儿就是动物园的正式在编员工,它们从生下来就在动物园里工作上班的,那也叫“野生动物”。

མདོར་ན་སྒོ་ཕྱུགས་ཀྱི་རིགས་ལས་གཞན་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་རིགས་གང་ཡང་བཟའ་སྤྱོད་མི་ཆོག་པ།

简单的说,就是除了家畜家禽类外,所有陆生野生动物都不能食用了,即便人工养的也不行。

དེ་ཡང་རྒྱལ་སྲིད་སྤྱི་ཁྱབ་ཞིབ་འཇུག་དང་འཕེལ་རྒྱས་ལྟེ་གནས་ཀྱི་ཐོན་ཁུངས་དང་ཁོར་ཡག་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ།སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་རིག་པའི་མཁས་པ་ཁྲང་ཅི་ཝུན་གྱིས་ཀློག་འགྲེལ་ལྟར་ད་ལྟ་སྐམ་འཚོའི་སྲོག་ཆགས་ལས་བཟའ་སྤྱོད་ཆོག་པ་ནི་དཔེར་ན།ཕག་དང་ཟོག ལུག་བྱ་སོགས་སྒོ་ཕྱུགས་དང་སྒོ་བྱ་ཡི་རིགས་མ་གཏོགས།གཞན་པའི་འབུ་གྲོག་མ་དང་ཆ་ག་པ།རི་སྐྱེས་ཕུག་རོན་སོགས་ཀྱི་རིགས་བཟའ་སྤྱོད་མི་ཆོག་པ།

对此,国务院发展研究中心资源与环境政策研究所副所长、动物保护法学家常纪文进一步解读称,“对于陆生动物,现在只能吃家禽家畜,比如猪、牛、羊、鸡、鸭、鹅、家兔等,甚至估计像蚂蚱、蝗虫、野鸽子等都不允许吃了。”

是的,你没看错,前不久吃货们还准备要消灭沙漠蝗的……不能如愿咯!

འོ་ན།ཤྭ་བ་ཁྲ་ཁྲ་ནི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རིམ་པ་དང་པོའི་རིགས་ཡིན་ཡང་།དྲ་ལམ་ན་ཤྭ་བའི་ཤ་སྐམ་དང་སྨན་རྭ་སོགས་ཚོང་རྫས་མང་པོ་གང་བྱུང་དུ་མཐོང་རྒྱུ་ཡོད་ལ་བཙོང་བཞིན་ཡོད།ང་ཚོ་བྲག་འགོ་རྫོང་དང་བརྒྱད་ཟིལ་རྫོང་གི་ཤྭ་གསོའི་མཉམ་ལས་ཁང་སོགས་ལས་ཤྭ་བའི་ཤ་སྐམ་དང་སྨན་རྭ།ཤྭ་བའི་ལྤགས་ལས་བཟོས་པའི་ཁྱད་ཆོས་ལྡན་པའི་འབྲེལ་ཡོད་ཐོན་རྫས་སྤེལ་བཞིན་ཡོད་པ་མ་ཟད།ཚོང་རྫས་དེ་དག་གིས་ས་ཆ་འདིའི་དཔལ་འབྱོར་ཡོང་འབབ་འཕར་བཞིན་ཡོད།བྱ་སྤྱོད་དེ་རིགས་ནི་གཏན་འབེབས་ལས་འགལ་བ་ཡིན་ནམ་ཟེར་ན།

那么,对于梅花鹿呢?虽然是国家一级保护动物,但是在我州炉霍县洛秋乡、九龙县呷尔镇就有梅花鹿养殖合作社,东北地区更多,并且形成了相关产业:鹿茸入药、鹿皮制革、鹿肉入馔……都是当地创汇增收的特色产业,规定一出,那岂不是全都要关门?

来,现在让我们打开手机淘宝,搜索关键字“鹿肉干”、“鹿茸片”,看看是不是有一大堆的卖家?难道马云和卖家串通一气胆大包天,国家已经明文禁止了还敢继续售卖?

དེ་ནི་གཏན་འབེབས་ཀྱི་དོན་ཚན་གསུམ་པ་ལྟར།སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ནང་བཀོད་པའི་སྲོག་ཆགས་ནི་སྒོ་ཕྱུགས་དང་ཁྱིམ་བྱའི་ཁོངས་སུ་གཏོགས་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་འཚོ་བའི་སྐོར་གྱི་བཅའ་ཁྲིམས》དང་ ༢༠༡༤ལོའི་《ཀྲུང་གོ་རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག》ལྟར་ན།ཕག་དང་བྱ།ཟོག རྟ།ལུག སོགས་སྒོ་ཕྱུགས་དང་སྒོ་བྱའི་རིགས་ཡིན། ༢༠༡༩ལོའི་ཟླ་༨པའི་ཚེས་༣༠ཉིན།ཞིང་གྲོང་ཕྱུགས་ལས་ཕྱུགས་སྨན་ཅུས་ཀྱིས་《སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས༢པར་གྲོས་དོན་ལན་འདེགས་ཨང་༧༧༩༡པ།》པའི་ནང་དུ།ཤྭ་བ་ཁྲ་ཁྲའི་རིགས་རྒྱུད་སོགས་ནི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་རྫས་ཡིན་པ་མ་ཟད།ཐོན་ལས་ཡོང་འབབ་འཕར་བར་དང་ས་ཆ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐོན་ཡོད་པས།སྒོ་གས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ནང་དུ་བཀོད་ཡོད།དེ་བས་ཤྭ་བའི་ཤ་བཟའ་སྤྱོད་དང་དྲ་ལམ་ནས་དེ་རིགས་ཀྱི་ཐོན་རྫས་ཉོ་ཚོང་བྱེད་ཆོག

所以需要我们继续往下看《禁野决定》第三条的规定“列入畜禽遗传资源目录的动物,属于家畜家禽,适用《中华人民共和国畜牧法》的规定”,查询一下2014年由农业部发布的《中国国家级畜禽遗传资源保护名录》,就可以看到“猪、鸡、鸭、鹅、牛、马、驼、羊、其他品种”的相关目录,“吉林梅花鹿、敖鲁古雅驯鹿、阿拉善双峰驼”均在列,且农业农村部畜牧兽医局去年8月30日在《对十三届全国人大二次会议第7791号建议的答复》中称,梅花鹿野生资源较为稀有,现为国家一级保护野生动物。梅花鹿养殖是特色畜牧业的重要组成部分,在满足群众消费需求、促进农民增收、带动地区经济发展等方面发挥了重要作用。所以,大家大可以放心的在淘宝剁手鹿肉干或鹿茸片了。

བྱ་སྒོ་ཆེན་པོ་ཟ་བར་མི་དགའ་བའི་མི་མང་ཆེ་ཤོས་ནི་སྲེག་བྱའི་སྒོ་ང་ཆུང་ཆུང་དེ་ཟ་བར་དགའ།རྗེས་མར་དེ་ཡང་ཟ་མི་ཆོག་པ་རེད་དམ་ཟེར་ན།དྲ་ལམ་སོགས་སུ་དེའི་སྐོར་འགོད་མེད་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཀར་ཆག་ནང་དུ་ཡང་དེའི་སྐོར་གྱི་མིང་བཀོད་མི་འདུག

等等,还没有说到鹌鹑呢,有些朋友不爱吃鸡蛋,喜欢吃小小的鹌鹑蛋,以后是不是没法吃到了?确实,在百度里逛了半天,在所能查到的国家级和省级名录里,也没有看到鹌鹑的名字。

དེས་ན།ང་ཚོས་ཡང་བསྐྱར་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ལ་དབྱེ་ཞིབ་ཞིག་བྱེད།དཔེར་ན།ཅིན་ཧྥ་ཕག་ཤ་བསྙལ་མ་མའི་རྒྱུ་ཆ་དང་ཧན་ཨན་བྱ་ཤ་བསྙལ་མའི་སྒོ་ང་།སིག་ཉེས་ལུག་ཤ་སོགས་ཚང་མ་ནི་དཀར་ཆག་ནང་དུ་བཀོད་ཡོད་པའི་དངོས་རིགས་རེད།དེ་རིགས་ཟ་བར་དགའ་བའི་མི་ཞིག་ཡིན་ཚེ་དངོས་རིགས་དེའི་སྐོར་ལ་ཞིབ་ཕྲའི་དོ་སྣང་ཡོད་པ་གསལ།དེ་རིགས་ནི་རང་རྒྱལ་གྱི་སྲོལ་རྒྱུན་གསོ་སྐྱེད་ལས་ཐོན་པའི་བཟའ་ཅའི་རིགས་ཡིན།འོ་ན།KFCལྟ་བུ་ཨ་མེ་རི་ཀའི་བྱ་ཤ་དང་ཡོ་རོབ་ལས་ཐོན་པའི་འོ་མ་སོགས་ཐོན་རྫས་རིགས་ནི་དཀར་ཆག་ནང་དུ་མེད་པས་ཟ་མི་ཆོག་པ་རེད་དམ་ཟེར་ན།

那就让我们再次回到畜禽遗传资源保护名录仔细分析。看看具体的物种,稍微细心点的吃货应该能够发现:在名录中所列举的具体物种,比如“两头乌猪(金华火腿的指定原料),高邮鸭(淮安咸鸭蛋好吃不?),苏尼特羊(新疆羊肉串还需要多介绍?)”等等,从名称上看,都是我国本土原生的传统饲养食用品种,所以如果去机械理解这个名录的话,那么以后肯德基就不要再吃了,因为K记所用的是来自美国的白羽鸡;牛奶也没法喝了,因为绝大多数的奶牛场使用的是来自欧洲的西门塔尔牛和黑白花牛,它们都不在名录内。但是你们说这个结论是不是很荒谬?

༢༠༠༨ལོའི་༧པའི་ཚེས་༥ཉིན།རྒྱལ་ཁབ་ཞིང་ལས་ཅུས་ཀྱིས་སྤེལ་བའི་《སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག》ནང་དུ།འཇར་པན་ནས་ཐོན་པའི་སྲེག་སྒོ་དང་བྱ།ཨ་མེ་རི་ཀའི་ཚོན་ལྡན་བྱ་སོགས་ནི་དཔལ་འབྱོར་ནང་འདྲེན་འདབ་ཆགས་རིགས་ཡིན་པས།རྩོམ་སྒྲིག་པས་བལྟས་ན་དེ་རིགས་ནི་རང་རྒྱལ་གཏན་འབེབས་ནང་གི་རི་སྐྱེས་སྲོག་ཆགས་མི་བརྩི་རུང་རྒྱུན་ལྡན་ལྟར་བཟའ་སྤྱོད་བྱེད་ན་ཆོག

2008年7月5日,当时的国家农业局颁布的《畜禽遗传资源名录》中,载明“日本鹌鹑、珍珠鸡、尼古拉火鸡、美国七彩山鸡”等物种,均属于“引进经济禽类”,所以小编认为,对于此类本身就是作为经济物种引进的禽畜类,那么就应当不视为我国《禁野决定》中的“野生动物”,大家可以正常的使用。

ཞོར་དུ་ཅིག་ཤོད་དགོས་པ་ནི།གླང་སྦལ་ནི་༡༩༥༩ལོར་རང་རྒྱལ་གྱིས་ཀུ་པ་ནས་ནང་འདྲེན་བྱས་པ་དང་།དེ་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་སྐབས་སུ་ཤ་སྤྱོད་གྲས་སུ་བཞག་ནས་ཁྱབ་སྤེལ་རྒྱ་ཆེ་གཏོང་ཡང་།དུས་རབས་འདིའི་དུས་འགོ་ལ་བཙན་འཛུལ་བྱེད་པའི་སྐྱེ་དངོས་གྲས་སུ་བཞག་ཡོད།མིག་སྔར་ལག་ཏུ་ཐོན་པའི་དཔྱད་གཞི་རྒྱུ་ཆ་ལ་བལྟས་ན།གསོ་སྤེལ་དང་བཟའ་སྤྱོད་ཆོག་པའི་གཏན་འབེབས་གང་ཡང་མེད་པས།དཔལ་འབྱོར་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་ཕྱོགས་ཀྱི་རྩོད་གཞི་སྣོལ་སྡེབ་ཡོད་པའི་གནས་ཚུལ་འོག་ཚང་མས་དེ་ཟ་བར་དོགས་གཟབ་དགོས་གྱིན་འདུག

顺便提一下吃货常吃的是牛蛙,该物种原产地在美洲,1959年我国从古巴引进,并在上世纪九十年代作为肉用品种大规模推广养殖,在本世纪初被列为了入侵生物物种,就小编手上的资料未查到目前有明确的养殖食用相关规定,且在作为生产上的经济物种与环保意义上的入侵物种存在交叉的情况下,稳妥起见,大家还是不要吃的好。

མཐར་ཕྱོགས་བསྡོམས་ཅིག་བྱེད་ན།

最后,总结一下:

རྒྱུན་དུ་བཟའ་སྤྱོད་བཞིན་པའི་ཟོག་དང་ལུག བྱ་སོགས་ཀྱི་ཤས་ང་ཚོའི་འདོད་པ་དེ་སྐོང་ཐུབ་ཀྱི་ཡོད་པས།ཚང་མས་རྒྱུན་མཐོང་མེད་པ་དང་རྣམ་པ་ཡ་མཚན་ཅན།མིང་ཀློག་མི་བདེ་བའི་དངོས་རིགས་གསར་བ་དག་བཟའ་སྤྱོད་མི་རུང་བས།ཡིད་འཇོག་གྱིས།

那些样子太过奇怪的,名字读着拗口的,平时不太常见的东西就不要去吃了,鸡鸭鹅猪牛羊兔鱼虾蟹贝还不够大家享用的么?

来源:炉霍县人民法院

原标题:《【双语普法】全国禁止非法野生动物交易,禁食界限在哪里?》

    特别声明
    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问https://renzheng.thepaper.cn。