中华人民共和国民法典 (第8期)

2023-11-28 20:57
青海

中华人民共和国民法典

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཆེན་མོ།

ཁག་ཉི་ཤུ་རྩ་དགུ་བ།

ཁྲིམས་མི་ལ་བསྡམས་ན།།

ཐོག་མར་རང་རྩ་དྲང་དགོས།།

-----བོད་ཀྱི་གཏམ་དཔེ།

第一篇 总则 ལེ་ཚན་དང་པོ། སྤྱིའི་དོན་ཚན།

第二章 自然人 ལེའུ་གཉིས་པ། རང་བྱུང་མི།

第二节 监护 ས་བཅད་གཉིས་པ། ལྟ་སྐྱོང་།

第三十条 【协议确定监护人】依法具有监护资格的人之间可以协议确定监护人。协议确定监护人应当尊重被监护人的真实意愿。

དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་ཡོད་མཁན་བར་གྲོས་མཐུན་བྱས་ནས་ལྟ་སྐྱོང་བྱེད་མཁན་གཏན་ཁེལ་བྱས་ཆོག འོན་ཀྱང་ལྟ་སྐྱོང་བྱ་ཡུལ་སྐྱེ་བོའི་འདོད་འདུན་དངོས་ལ་བརྩི་འཇོག་བྱ་དགོས།

第三十一条 【监护争议解决程序】对监护人的确定有争议的,由被监护人住所地的居民委员会、村民委员会或者民政部门指定监护人,有关当事人对指定不服的,可以向人民法院申请指定监护人;有关当事人也可以直接向人民法院申请指定监护人。

居民委员会、村民委员会、民政部门或者人民法院应当尊重被监护人的真实意愿,按照最有利于被监护人的原则在依法具有监护资格的人中指定监护人。

依据本条第一款规定指定监护人前,被监护人的人身权利、财产权利以及其他合法权益处于无人保护状态的,由被监护人住所地的居民委员会、村民委员会、法律规定的有关组织或者民政部门担任临时监护人。

监护人被指定后,不得擅自变更;擅自变更的,不免除被指定的监护人的责任。

དོན་ཚན་སོ་གཅིག་པ། ལྟ་སྐྱོང་པའི་གཏན་འཁེལ་ལ་རྩོད་གཞི་ཡོད་ན་ལྟ་སྐྱོང་བྱ་ཡུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་མིའི་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པ་དམིགས་འཛུགས་བྱས་ཆོག འབྲེལ་ཡོད་དོ་བདག་གིས་དམིགས་སུ་བཙུགས་པ་ལ་མི་མཐུན་ན་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་དམིགས་འཛུགས་བྱ་རྒྱུའི་རེ་འདུན་ཞུས་ཆོག དེ་མིན་འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་དམིགས་འཛུགས་བྱ་རྒྱུའི་རེ་འདུན་ཞུས་ཆོག

གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་མིའི་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་གམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱས་ནས་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་པ་དམིགས་འཛུགས་བྱ་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ལྟ་སྐྱོང་པ་དམིགས་འཛུགས་མ་བྱས་གོང་ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་སྲུང་སྐྱོང་བྱེད་མཁན་མེད་པར་གནས་ཡོད་དུས། ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་མིའི་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་འབྲེལ་ཡོད་རྩ་འཛུགས་སམ་ཡང་ན་དམངས་སྲིད་སྡེ་ཁག་གིས་གནས་སྐབས་ལྟ་སྐྱོང་པའི་འགན་འཁུར་དགོས། ལྟ་སྐྱོང་པ་དམིགས་འཛུགས་བྱས་རྗེས་རང་འདོད་ཀྱིས་བསྒྱུར་མི་ཆོག རང་འདོད་ཀྱིས་བརྗེས་རུང་དམིགས་འཛུགས་བྱས་པའི་ལྟ་སྐྱོང་པའི་འགན་འཁྲི་མེད་པར་བཟོ་མི་ཐུབ།

第三十二条 【公职监护人】没有依法具有监护资格的人的,监护人由民政部门担任,也可以由具备履行监护职责条件的被监护人住所地的居民委员会、村民委员会担任。

དོན་ཚན་སོ་གཉིས་པ། བཅའ་ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་མེད་པའི་སྐྱེ་བོ་ལ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པའི་འགན་འཁུར་དགོས། ལྟ་སྲུང་གི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ཡང་ཆོག

第三十三条 【意定监护】具有完全民事行为能力的成年人,可以与其近亲属、其他愿意担任监护人的个人或者组织事先协商,以书面形式确定自己的监护人,在自己丧失或者部分丧失民事行为能力时,由该监护人履行监护职责。

དོན་ཚན་སོ་གསུམ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་དར་མའི་མི་དེའི་གཉེན་ཉེ་དང་། ལྟ་སྐྱོང་པ་བྱེད་འདོད་ཡོད་པའི་མི་སྒེར་རམ་རྩ་འཛུགས་གཞན་དག་དང་ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བྱེད་མི་གཏན་འཁེལ་བྱས་ཆོག། རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་དགོས།

སྤྱིའི་འདོན་ཐེངས་268

原标题:《中华人民共和国民法典 (第8期)》

阅读原文

    特别声明
    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问https://renzheng.thepaper.cn。